[A:༤༨༡]ལ་བཙོ་བབས་པ་ཀུན་གྱིས་མཐོང་བས་ཕ་བོང་དེ་ཚལ་པར་གས་ཤིང་གནོད་བྱེད་དེ་ལའང་མངོན་སྤྱོད་ཀྱི་རྟགས་མཚན་འགྱང་མེད་དུ་བྱུང་བ་སོགས་བརྗོད་ཀྱིས་མི་ལངས་པ་དང་། གཞན་ཡང་རྗེ་འདི་ཉིད་ཀྱིས་དག་པ་ཡེ་ཤེས་ཀྱི་སྐུ་འཁོན་གྱི་གདུང་དུ་ཕེབས་པར་ཡང་དཔལ་མགོན་ཞལ་གྱིས་བསྐུལ་བ་ཡིན་ཚུལ་ཡབ་རྗེ་ཉིད་ཀྱི་གསུངས་པ་དང། སྐུ་ཚེ་འདིར་ཡང་ཤིན་ཏུ་འཁོར་ཉམས་ཆེ་ཞིང་། སྐྱེད་ལྷས་མགོན་ཁང་དུ་སྐུ་མཚམས་བདུན་ཕྲག་དང་བཅས་དམ་ཚིག་བསྐང་གསོ་དང་གཏོར་བཟློག་གནང་སྐབས་གཟིགས་སྣང་ཁྱད་པར་ཅན་བྱུང་ཞིང་། གསུང་ལས་ཀྱང་ད་ལན་དམ་ཚིག་བསྐང་གསོ་བཏང་བ་འདིར་དཔལ་མགོན་ཐུགས་མཉེས་མདོག་ཁ་མོ་བྱུང་སོང་བ། ཐུགས་རབ་ཏུ་མཉེས་ན་འཕྲལ་དུ་ཞལ་བཞི་པའི་སྐུ་ཞིག་འབུལ་མི་འོང་། འབྲིང་ཙམ་མཉེས་ན་བྲམ་གཟུགས་ཀྱི་སྐུ་ཞིག་འབུལ་མི་འོང་། མ་མཉེས་ན་གང་ཡང་མི་འོང་གསུངས་ནས། མང་མཁར་ཆབ་ཚན་ལ་ཕེབས་སྐབས་མུས་པ་བཀྲ་ཤིས་ལྷུན་གྲུབ་ཀྱིས་ཞལ་གྱི་བྲིས་སྐུའི་གཙོས་འབུལ་དངོས་རྒྱ་ཆེར་ཕུལ་བ་སོགས་མཐའ་ཡས་ཤིང་། ཞལ་གཟིགས་སོགས་དུ་མ་འོང་བའི་གསུང་ཟུར་ཐོལ་བྱུང་དུ་ཐོན་པའང་སླར་གཞན་དུ་ཞལ་བསྒྱུར་བ་སོགས་སྦས་ཚུལ་ཁོ་ན་གནང་བསྟན་པ་རིན་པོ་ཆེ་ཐུགས་དགོངས་སུ་བཅངས་ནས་བསྟན་རྒྱུན་འཐུད་ཕྱིར་འཆད་