R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༨༢
[A:༤༨༢]པའི་རིམ་པའང་གསུང་ངག་རིན་པོ་ཆེ་ཚར་བདུན་གྱིས་གཙོས་པའི་བསྟན་སྲིད་ཀྱི་ཁུར་བཞེས་ཕྱིན་གྱིས་གནས་སྐབས་ཕལ་ཆེར་ཆོས་ཀྱི་སྦྱིན་པས་འདའ་བར་མཛད་པའི་རྣམ་གྲངས་སོ་སོར་བརྗོད་དུ་མ་ལངས་ནའང་ཟབ་རྒྱས་ཀྱི་བདུད་རྩི་དེ་དག་གསོལ་བའི་ཞལ་སློབ་འཆད་ཉན་ནུས་པ་རགས་རིམ་ནི་གཙོ་བོར་འཛམ་གླིང་བསྟན་པའི་མངའ་བདག་རིགས་སྲས་འཇམ་པའི་དབྱངས་ངག་དབང་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། རྩེ་གདོང་དབོན་རིན་པོ་ཆེ་བསོད་ནམས་བསྟན་འཛིན་དབང་པོ། བདག་ཆེན་ངག་དབང་ནོར་བུ་བསོད་ནམས་དབང་གི་རྒྱལ་པོ། རྒྱན་མཆོག་ངག་དབང་ནོར་བུ་རྒྱལ་མཚན་ཏེ་གདན་ས་གོང་འོག་གི་གདུང་བརྒྱུད་རིན་པོ་ཆེ་ཞལ་ངོ་བཞི། ལུང་རྟོགས་རྒྱ་མཚོའི་མངའ་བདག་བྱམས་པ་ངག་དབང་རྣམ་རྒྱལ། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། རྒྱལ་རྩེ་བདག་པོ་ངག་དབང་བསོད་ནམས་རྒྱལ་མཚན། བཟང་ལྡན་མཁན་པོ་བསོད་ནམས་གྲགས་པ། ངོར་མཁན་ཆེན་ལྷུན་གྲུབ་དཔལ་ལྡན། གྲངས་ཆེན་མཁན་པོ་ངག་དབང་བསྟན་པ་རབ་རྒྱས། བསྒྱི་ཆུའི་མཁན་པོ་ངག་དབང་དཔལ་བཟང་པོ་སྟེ་བླ་སློབ་ཟུང་འཇུག་ཏུ་གནང་བ་བདུན། ཡར་ལུང་དབོན་རིིན་པོ་ཆེ་བསོད་ནམས་མཆོག་ལྡན། ངག་དབང་བློ་གསལ་མཆོག་ལྡན་གཉིས། ངོར་མཁན་ཆེན་བསོད་ནམས་རྒྱ་