[A:༤༨༣]མཚོ་སོགས་དེ་སྐབས་ཀྱི་བླ་མ་ཐམས་ཅད་དང་། ཐུབ་བསྟན་རྣམ་རྒྱལ། མཁན་པོ་ཀུན་དགའ་བསོད་ནམས། དཔལ་འབྱོར་རྣམ་རྒྱལ། བཟང་པོ་རྒྱལ་མཚན། གསེར་མདོག་ཅན་མཁན་པོ་རྒྱལ་བ་ལྷུན་གྲུབ། བཙོན་འགྲུས་ཕུན་ཚོགས། ཤཱཀྱ་ཕུན་ཚོགས་སོགས་དང་། ཐུབ་བསྟན་ཡངས་ཅན་མཁན་པོ་ངག་དབང་བཀྲ་ཤིས་སོགས་དང་། བྱ་གཤོངས་མཁན་པོ་མང་ཐོས་དགེ་བྱེད་སོགས་གསུམ་དང་། ཡ་ག་ཆོས་སྡིང་མཁན་པོ་སོགས་ངམ་རིང་གྲྭ་ཚང་སོ་སོའི་བླ་མ། གཞིས་དགོན་མཁན་པོ་བཀྲ་ཤིས་ལྷུན་གྲུབ་སོགས་དང་། ལུ་ཕུ་དང་བསྒྱི་ཆུའི་མཁན་པོ་བྱམས་པ་དགེ་བའི་དབང་པོ། གླིང་ཁ་བདེ་བ་ཅན་ཟུར་འཆད་པ་ངག་དབང་ཆོས་འཕེལ། བཟང་ལྡན་མཁན་པོ་རྗེ་དྲུང་དཔལ་བརྩེ་བ་སོགས་དང་། ངམ་རིང་མཁན་ཆེན་ཀླུ་གྲུབ་དར་རྒྱས། ནུབ་དགོན་ཆེན་བླ་མ་ཀུན་དགའ་ལེགས་པ། སྤེ་ཤིང་དབོན་པོ་ཀུན་དགའ་འཕྲིན་ལས་རྒྱ་མཚོ་སོགས་དང་། གདན་ས་འདི་ཉིད་ཀྱི་ལྷ་ཁང་མཁན་ཆེན་བྱམས་པ་བསམ་གཏན་རྒྱ་མཚོ། བྱམས་པ་བསོད་ནམས་བཀྲ་ཤིས། བྱམས་པ་དག་དབང་ཀུན་རྒྱལ། བྱམས་པ་དོན་གྲུབ་ལེགས་བཟང་སོགས་དང་། གཞན་ཡང་ཞ་ལུ་མཁན་པོ། གུར་པ་བླ་མ། ཆོས་འཁོར་ལྷུན་པོ། ཁ་བ་ལྷས། བྱང་ཆུབ་གླིང་། བརྩེ་ཆེན་བྲག་དམར་རྣམས་ཀྱི་བླ་མ་དང་། གོང་དཀར་རྡོ་རྗེ་