[A:༤༨༤]གདན་གྱི་ཟུར་འཆད་པ་རིན་ཆེན་རྒྱ་མཚོ་སོགས་དེ་སྐབས་ཀྱི་གྲྭ་ཚང་སོ་སོའི་བླ་མ། གཞད་རི་སྐྱེད་ཚལ། ར་བ་སྨད། དགས་པོ་གྲྭ་ཚང་རྣམས་ཀྱི་བླ་མ་བསམ་ཡས་རབ་བྱུང་མཁན་པོ་སྔ་ཕྱི་རྣམས་དང་། ཆོས་རྗེ་བཅོ་བརྒྱད་པ་བྱམས་པ་ངག་དབང་ལྷུན་གྲུབ། གསང་ཕུ་གླིང་སྟོད་ཞབས་དྲུང་། རྩེ་ཐང་ལྔ་མཆོད་མཁན་པོ། གདུངས་ཕུད་ཆོས་འཁོར་བླ་མ། འབྲུག་ཐམས་ཅད་མཁྱེན་པ། གཏེར་བདག་གླིང་པ་ཆེན་པོ། རྡོ་རྗེ་བྲག་རིག་འཛིན་ཆེན་པོ། འབྲོའི་སྔགས་འཆང་རིག་འཛིན་དབང་རྒྱལ་སོགས་གྲུབ་པའི་གོང་འཕང་བརྙེས་པ་དུ་མ་དང་། རྩེ་ཆེན་མི་དབང་རྣམ་རྒྱལ་རྡོ་རྗེ། འདར་སྡེ་པ་ཚེའི་དབང་པོ། གླིང་སྡེ་པ་བསོད་ནམས་ལྷུན་གྲུབ། སྣ་སྐར་རྩེའི་སྡེ་པ། སྡེ་དགེ་དབོན་པོ་སངས་རྒྱས་བསྟན་པ། ཀུན་དགའ་རབ་བརྟན། ཚེ་དབང་རྡོ་རྗེ་སོགས་དང་། ས་སྐར་དྲུང་པ། འདམ་ཐོག་བླ་མ། རྒྱ་སྐབས་ནོར་བུ་གླིང་བླ་མ། རི་ཁུད་དགོན་བླ་མ། ཨ་ལི་ཆོས་རྗེ་སོགས་ཆེ་ལོང་ཙམ་ཞིག་སྨོས་པ་སྟེ། གཞན་དུ་གསུང་གི་བདུད་རྩིའི་ངོམ་པའི་བླ་ཆེན་དཔོན་ཆེན་ཁོ་ནའང་བསམ་གྱིས་མི་ཁྱབ་བོ། །
རྩོམ་པའི་བསྟན་བཅོས་ཀྱང་རྗེ་བཙུན་གོང་མ་རྣམས་ཀྱི་གསུང་དུ་མ་འཐུས་པ་མི་འདུག་གསུང་ནས་དེ་དག་གི་བསྟན་རྒྱུན་སྤེལ་བ་གཙོ་བོར་མཛད་པ་ལས་སྤྲོས་པ་ཆེར་མི་གནང་ཡང་། ཀུན་