R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༨༥
[A:༤༨༥]རིག་རྩ་བའི་དཀྱིལ་འཁོར་གྱི་དབང་ཆོག་ལྷོ་སྒོ་བར་དོའི་ ཆོས་བཤད་བཅས། ཚར་ལུགས་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་ཆོག ཡང་དག་མར་མེ་དགུ་པའི་མཐོ་ཡིག ཀྱཻ་རྡོར་བཀའ་བབས་བཞིའི་དབང་ཆོག མདོས་ཆུང་སྐྱིད་སྦུག་པའི་རྣལ་འབྱོར་མའི་བསྒོམ་བཟླས་ཚོགས་འཁོར་དང་བཅས་པའི་དྲིས་ལན་སོགས་ཆོས་ཚན་བཅུ་བཞི་ཙམ་གནང། དེ་ལྟར་སྐུ་ཚེའི་རིང་དུ་བསྟན་འགྲོའི་ཕན་བདེ་སྒོ་དུ་མ་ནས་སྤེལ་བའི་རྒྱལ་སྲས་མཆོག་གི་རྣམ་པར་ཐར་པ་ཁོ་ནས་དུས་འདའ་བཞིན་པ་ནས་དགུང་གྲངས་ཞེ་བརྒྱད་པ་དེ་ཉིད་དུ་ལྷོ་བོད་ཀྱི་འཆིང་གི་དུས་མཚམས་རྫོགས་པས་ཐུགས་བརྩེ་བས་ཀུན་ནས་བསླངས་ཏེ་ཕེབས་བཞེད་ཀྱི་སྐབས་ཤིག་མནལ་ལམ་དུ། དཔལ་མགོན་ཞལ་གྱི་སྤྲུལ་པ་ཡིན་རྒྱུའི་ཞབས་འབྲིང་བའི་གྲྭ་པ་གཅིག་གི་རྣམ་པས། གནས་ཁམས་གསུམ་འཁོར་བའི་མུན་དཀྱིལ་དུ། །ལུས་དལ་འབྱོར་བཅོ་བརྒྱད་ཚང་བ་འདི། །ལས་མ་འབད་འགྲུབ་པ་ངོ་མཚར་ཆེ། །འདི་ཡུན་རིང་མི་སྡོད་མི་རྟག་པ། །ཞེས་པ་ཞིག་གསན་ནས་མནལ་སད་པ་ན་མི་རྟག་པ་བསྐུལ་བའི་ཚིག་དེ་ལེགས་རྒྱུ་རང་མེད་དམ་དགོངས་པ་བྱུང་། དེ་ནས་ཆིབས་བསྒྱུར་ཉེ་བ་ན། གདན་སའི་བླ་མ་སློབ་དཔོན་ལས་ཚན་གྲ་རིགས་བསམ་གནས་རགས་བསྡུས་བཅས་ལ་