[A:༤༨༦]ཞལ་བཀོད་དུ། ལྷ་ཁང་ཆེན་མོའི་ཟངས་དྲ་འགེལ་རྩིས་སོགས་བྱེད་དགོས་མེད། གཞན་ཟངས་སྐུད་སོགས་གང་འཐོན་གྱིས། ཆོས་སྡེ་ལྷོ་བྱང་བཅའ་ཡིག་དང་མཐུན་པའི་སྒྲིགས་བཀོད་སོགས་གཡེལ་མེད་འབད་པ་ཐོན་ཞེས་དང་། ལྷག་ཏུ་རིགས་སྲས་འཇམ་པའི་དབྱངས་ལ་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པ་འཛིན་སྐྱོང་སྤེལ་བའི་བཀའ་སྩལ་དང་། གཞིས་བྱེས་ཀྱི་རྐྱེན་བཟློག་ལ་སྐུ་མཚམས་བཅད་རྒྱ་སོགས་འདི་བཞིན་དང་། ཕུར་པ་སྒྲུབ་མཆོད་ཀྱང་བླ་བྲང་བཞི་ཐོག་ཏུ་དགོས་ཚུལ་སོགས་ཞིབ་འཐེམ་གནང་ནས་ཟླ་བ་དྲུག་པའི་ཚེས་ལྔ་ལ་ཆིབས་བཏེག་སྟེ་རིམ་གྱིས་ཕག་རིར་ཕེབས། ཟླ་བ་བདུན་པ་ཚེས་ནས་སྙན་མི་གསང་བ་དང་སྐུ་ཁམས་པ་བསྙུན་དམིགས་རང་མེད་པའི་སྐུ་ངལ་བའི་རྣམ་པ་ལྟ་བུའི་ཅུང་ཟད་མི་དངས་པ་ཞིག་བྱུང་མུར་ཟླ་བ་བརྒྱད་པ་ཤར་བ་དང་། སྐུ་འཁོར་རྣམས་ཀྱིས་རྗེ་ཉིད་ཀྱི་སྐུ་ཁམས་འདི་བསྐོར་གདན་ས་ན་སྤྱིར་ཡང་ཁྲི་རིན་པོ་ཆེར་སྙན་འབུལ་ཞུ་དགོས་འདུག་པ་དང་། སྐུ་རིམ་སོགས་ཀྱིའང་ཁྱད་འདུག་ཚུལ་ཞུས་པས་དགོངས་ཁྲོལ་མ་གནང་ཡང་། ལྷོ་ཁོག་གི་དགོན་སྡེ་བཅུ་གཅིག་ཙམ་ལ་མང་སྐོལ་ཞིག་གནང་།
ཟླ་བ་དེའི་ཚེས་བཅུ་སྐོར་ནས་ཆབ་ཆུའི་རྣམ་པ་ལྟ་བུས་ཞབས་མགོ་ཕྲན་ཙམ་སྦོས་པ་སོགས་བྱུང་བར་འཚོ་བྱེད་རྣམས་ནས་འཕྲོད་