R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༨༧
[A:༤༨༧]བསྟེན་སོགས་ཕུལ་ཡང་དངས་སྐྱེད་རང་མེད་པ་ནས། བཅུ་གསུམ་ཉིན་ཆིངས་པ་རྣམས་བཀའ་བགྲོས་ཞལ་འཛོམ་ཞིག་གནང་། བཅུ་བདུན་ལ་འབྲུག་པ་སྐུ་ཚབ་དང་ཞལ་འཛོམ་གནང་རྒྱུའི་ཐོ་རེངས་ཁྲག་རླུང་གི་སྙུན་གཞི་ལྟ་བུ་ཞིག་གིས་སྐུ་ཁམས་མ་བདེ་བས་ལྷོ་པ་དང་མཇལ་འཛོམ་མ་བདེ་བར། མཛོད་པ་སྐུ་ཚབ་ཏུ་གནང་། ཉིན་ཕྱེད་བསྐོར་ནས་སྐུ་ཁམས་དངས་སྐྱེད་ཆེ་བར་བྱུང་བས་འཚོ་བྱེད་རྣམས་ཀྱིས་ཀྱང་སེམས་ཅན་གྱི་སྐལ་བ་ཟད་པ་འདྲ་ཡོད་ན་མ་གཏོགས་ད་ལན་སྐྱོན་རང་ཡོང་མདོག་མ་ཁ་ཟེར་བ་སོགས་བྱུང་། དེ་སྐབས་རྗེ་ཉིད་ནས་བཀའ་མ་གྲོལ་ཡང་ཞབས་རིམ་པ་རྣམས་ཀྱིས་གདན་སར་གནས་ཚུལ་དང་སྐུ་རིམ་སོགས་གནང་དགོས་ཞུ་འཕྲིན་བརྫངས་པའི་བང་ཕྱིན་ཡང་ལམ་ནས་ན་ཏེ་དུས་སྟོང་མ་ཁེལ་བ་དང་། གཞན་ཡང་སྔ་གོང་རྣམས་ནས་ཞིང་ཁམས་གཞན་དུ་གདུལ་བྱའི་སྐལ་བར་དགོངས་པའི་གསུང་རིགས་དུ་མ་བྱུང་བ་དང་ཉེ་སྐོར་དུ་ཕྱི་ནང་འབྱུང་བའི་རྟེན་འབྲེལ་ལེགས་རྒྱུ་མེད་པའི་ཉི་ཟླའི་མདངས་མི་གསལ་བ་དང་། ས་ཆེན་པོ་གཡོ་བ་དང་། གངས་རི་རྟགས་ཅན་གི་ངོས་ནས་གཞོམ་པ་དང་། གདན་སའི་ཤར་ངོས་བྲ་ཆུང་གི་བྱེ་མ་རྟགས་ཅན་ཉིལ་བ་དང་། གྲུམ་ཆུ་མདོག་འགྱུར་བ་སོགས་ལྟས་ལོད་སྣ་ཚོགས་དང་། ཐག་ཉེ་ནས་བཞུགས་སྒར་གྱི་ཐད་ཀར་འཇའ་སྣ་ཚོགས་ཤར་བ་དང་། ཐག་