[A:༤༨༩]བ་རྣམས་ཀྱིས་ཞབས་པད་བརྟན་དགོས་ཀྱི་གསོལ་བ་ནན་ཏན་བཏབ། ཉེར་གཅིག་ཉིན་དེ་རིང་ཚེས་གྲངས་གང་ཡིན་གསུངས་པར་ཁོང་ཚོས་དེ་བཞིན་ཞུས་པས་བཞེས་གོང་མོ་བདེ་སིང་ངེ་འགྲོ་གསུང་། དེ་ཕྲལ་གཟིམ་གུར་གྱི་ཐོད་ལ་གཟིགས་ནས་མཎྜལ་འབུལ་བ་དང་། ཕྱག་ཐལ་མོ་སྦྱར་ནས་བཞུགས་པར་གང་གདུག་ཞུས་པས། རྗེ་བཙུན་གོང་མ་ལྔ་བྱོན་བྱུང་གསུངས། གཞན་ཡང་སྔགས་འཆང་ཆེན་པོ་ཡབ་སྲས་དང་། ཡབ་རྗེ་ཆོས་ཀྱི་རྒྱལ་པོ་སོགས་ཞལ་གཟིགས་པའི་གསུང་བྱོན། ཉེར་གསུམ་གྱི་ཉིན་ཕྱག་མཛོད་ལ་ད་ལན་ངེད་ལ་མི་འོང་རེ་མི་འདུག་པས་གང་སར་འདི་བཞིན་དགོས་ཀྱི་ལྗགས་བཀོད་དང་། ངེད་ཀྱི་སྔགས་ཐང་གི་མཇུག་ལུས་འདི་བཞིན་སྒྲིལ་ཅིག་སོགས་ཞལ་བཀོད་ལྷུག་པར་གནང་། འབྲུབ་པའི་སྐུ་ཚབ་ལ་ངེད་ཆིངས་ཁག་རྣམས་རང་དོན་སྒེར་པ་གང་ཡང་མེད་ཀྱང་སེམས་ཅན་སྤྱིའི་བདེ་ཐབས་ལ་བསམ་ནས་དཀའ་བ་དང་ལེན་འདི་བཞིན་བྱས་པ་ཡིན་རུང་ངེད་ཀྱི་ཁམས་ཀྱིས་མ་ལྕོགས་ཡང་། འཕེན་སྐོར་འདི་དོན་སྨིན་པ་རང་ཞིག་བྱེད་དགོས་ཀྱི་བཀའ་ཤོག་བྱིན་རྟེན་སོགས་བསྩལ། དེ་ནས་ཐུགས་དམ་ཉམས་བཞེས་ཀྱི་ངང་ལས་ཨོཾ་གསུམ་མའི་གསུང་བཟླས་གཟིམ་གུར་གྱི་ཕྱི་ནས་དིར་དིར་ཚོར་བ་རང་གནང་མུར། ཞབས་འབྲིང་པ་རྣམས་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཕུར་པ་བདེ་ཀྱཻ་