[A:༤༩༠]གསང་གསུམ་ཆོས་སྐྱོང་གུར་ཞལ་སོགས་འདི་བཞིན་བྱོན་བྱུང་གསུངས།
ཉེར་བཞིའི་ཉིན་ཉི་མ་མ་ཞུད་ཙམ་ལ་ཕྱག་མཛོད་གསོལ་གཟིམ་གསུམ་ལ། ད་ཁྱེད་གསུམ་འདོད་པ་གཅིག་ཏུ་བྱས་པའི་ཕྱག་མཛོད་ཀྱི་ངག་བཞིན་ཧུར་ཐག་དགོས་ལུགས་སོགས་ལུགས་གཉིས་ཀྱི་བསླབ་བྱ་མ་འོང་ལུང་བསྟན་ཅི་མང་ཞིག་སྩལ་རྗེས། འཕེལ་གདུང་དང་གོང་མའི་དམ་རྫས་གདུང་རུས་ཁྱུང་པོའི་ཐུགས་ལས་བྱོན་པའི་རིང་བསྲེལ་སོགས་སྦྱར་བ་བཞེས་ཕྲལ། ཞིང་འདིའི་མཛད་པ་རེ་ཞིག་རྫོགས་ནས་ཞིང་ཁམས་གཞན་དུ་འཕྲིན་ལས་ཀྱིས་འཇུག་པ་ཡངས་པར་དགོངས་ཏེ་རྒྱུད་སྡེ་རིན་པོ་ཆེ་ནས་གསུངས་པའི་འདའ་ཀ་མའི་རྣལ་འབྱོར་གསལ་འདེབས་དང་བཅས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བར་མཛད་ནས་ཉེར་ལྔ་ཕྱི་མའི་ཉི་མ་ཕྱེད་ཡོལ་བར་དུ་གསལ་སྟོང་ཟུང་འཇུག་སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་དགོངས་པར་མཉམ་པར་བཞག་ནས་དེ་མཚམས་དབུ་གཙུག་ནས་དབུ་ཐོད་གཙུག་ཏོར་གྱི་ཚུལ་དུ་ཐག་སྒྲ་ཤིན་ཏུ་ཆེ་བ་དང་བཅས་འཕགས་ཏེ་བྱང་སེམས་ཀྱི་ཟིལ་པ་ཉིལ་ལེ་བ་དང་བཅས་འོད་གསལ་ལས་བཞེངས་ནས་དཔལ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་མཁའ་སྤྱོད་དག་པའི་ཞིང་དུ་སྤྱན་དྲངས་པར་གྱུར་ཏོ། །
དེ་ཚེ་རྗེས་འཇུག་ཐམས་ཅད་ཅི་བྱ་གཏོལ་མེད་དུ་ལུས་པའི་