[A:༤༩༡]ངང་ནས་ཀུན་གྱི་རྗེ་ཉིད་ཀྱི་ཞལ་ཆེམས་བཞིན་བན་ཚང་བ་རྣམས་ཀྱིས་བླ་མ་མཆོད་ཆོག་དང་བཅས་པས་གདུང་མཆོད་རྒྱ་ཆེར་ཞུས། གདན་སར་གནས་ཚུལ་ཕྲལ་འབུལ་དང་། གདུང་སྒྲོམ་གྱི་གྲ་བསྒྲིགས་སོགས་བསྒྲུབས། དེ་ཚེ་ནམ་མཁའ་གཡའ་དག་པ་ལས་མེ་ཏོག་གི་ཆར་དང་། རོལ་མོའི་སྒྲ་སོགས་རྣལ་འབྱོར་མཆོག་གི་ལམ་རྟགས་རྨད་དུ་བྱུང་བར་གྱུར། དེ་ནས་སྐུ་གདུང་རིན་ཆེན་མཆོད་པའི་ཡོ་བྱད་སྣ་ཚོགས་དང་བཅས་གདུང་སྒྲོམ་དུ་སྩལ་ཏེ། གདན་དྲེན་ཉིན་ཕག་རི་ནས་གདན་སའི་བར་དུ་འཇའ་དཀར་པོ་ཞིག་དྲང་ཐལ་དུ་ཟུག་པ་དང་ལུ་མ་ཁར་ཕེབས་པའི་སྐབས་གདུང་སྒྲོམ་གང་དུ་འདྲེན་པའི་ཕྱོགས་སུ་འཇའ་ཁ་དོག་སྣ་ཚོགས་ལྷན་ཅིག་འགྲོ་བར་བྱུ་ང་བཞིན་པའི་མུ་ནས། ཟླ་བ་དགུ་པའི་ཚེས་གཅིག་ལ་སྐུ་གདུང་རིན་པོ་ཆེ་གདན་སར་ཕེབས།
གདན་སར་གནས་ཚུལ་ཉེར་བརྒྱད་ལ་འབྱོར་འཕྲལ་ཆོས་སྡེ་ཁག་གསུམ་ལ་མང་ཇ་འབྲས་འཇམ་འགྱེད་བཅས་ཀྱི་ཐོག་མཆོད་འབུལ་སྨོན་ལམ་རྒྱ་ཆེན་དང་། ཉེར་དགུ་ནས་བཟུང་ལྷ་ཁང་མཁན་རིན་པོ་ཆེས་གཙོས་པའི་རྡོ་རྗེ་འཛིན་པ་བཅུ་ཕྲག་བཞི་ལྷག་གིས་དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་མཆོད་དང་། དགུང་ཚིགས་དང་པོར་རིགས་སྲས་ཁྲི་རིན་པོ་ཆེ་ཉིད་ཀྱི་གཟིམ་ཆུང་སྒེར་ནས་ལྷ་ཁང་ཆེན་མོར་འབྲས་འཇམ་མང་ཇ་སྦྱོར་སྦྲེལ་ཐོག་བརྒྱ་