[A:༤༩༣]མཆོད་བསྔོ་རྟེན་དང་། གཞན་ཡང་ངོར་ཨེ་ཝཾ། ཐུབ་བསྟན་གོང་འོག་གསེར་མདོག་ཅན། ངམ་རིང། ཟངས་ལྡན། རྩེ་གདོང་། བཀྲ་ཤིས་ལྷུན་པོ། ཞ་ལུ། སེ་ར། འབྲས་སྤུངས། དགེ་ལྡན། རྣམ་རྒྱལ་གྲྭ་ཚང་། ནཱ་ལེནྡྲ། བསམ་ཡས་སོགས་དགོན་སྡེ་རིས་མེད་སུམ་བརྒྱར་ཉེ་བར་མང་འགྱེད་མཆོད་བསྔོ་རྟེན་ཚན་གྲངས་རྒྱ་ཆེ་བ་དང་། དགོངས་རྫོགས་དངོས་གཞི་ཧོར་ཟླ་དགུ་པའི་ཉེར་གཉིས་ཉིན་གདན་སའི་ཆོས་སྡེ་ལྷོ་བྱང་གིས་གཙོས། ཆོས་འཁོར་ལྷུན་པོ། གདོང་དགའ། འདར་གྲང་མོ་ཆེ། ཐུབ་བསྟན་དགེ་འཕེལ། བསམ་འགྲུབ་དགོན་གསར། བྱ་གཤོངས་སོགས་ཉེ་བསྐོར་དགོན་སྡེ་རྣམས་ཀྱི་བླ་མ་སློབ་དཔོན་གྲྭ་བཙུན་ཕོ་མོ་སྟོང་ཕྲག་གསུམ་ལྷག་པས་ཉིན་གསུམ་བར་ལྷ་ཁང་ཆེན་མོར་མཆོད་འབུལ་བསམ་གྱིས་མི་ཁྱབ་པ་ཕུལ་བའི་མང་ཚོགས་ལ་ཉིན་རེ་བཞིན་འབྲས་འཇམ་དང་མང་ཇ་བཟང་ཇ་སྦྱོར་བཞི་རེ། ཉིན་དང་པོར་འགྱེད་ཡ་ཇུ་དངུལ་ཕོར་རེ། ཉིན་གཉིས་པར་ཆུ་ཐོག་དངུལ་ཕོར་རེ། ཉིན་གསུམ་པར་གྲྭ་པ་དྲུག་རེ་དང་། བཙུན་མ་བཅུ་གཉིས་རེ་ལ་གསེར་ཞོ་རེ། བླ་མ་སློབ་དཔོན་སོ་སོར་ཚན་གྲངས་དགུ་ཚན་ནས་བདུན་ཚན་གྱི་བར་སྐབས་སྦྱར་དང་། དགོངས་རྫོགས་ཐང་སྟོན་ཉེར་ལྔའི་ཉིན་གདན་ས་འདི་ཉིད་ཀྱིས་གཙུག་ལག་ཁང་རྣམས་སུ་སྐར་མེ་སྙན་ཤལ་སོགས་མཆོད་སྤྲིན་