[A:༤༩༧]བལྷུང་བཤགས་སངས་རྒྱས་སོ་ལྔས་བསྐོར་བ། སློབ་དཔོན་རིན་པོ་ཆེ་ལ་གུ་རུ་མཚན་བརྒྱད་ཀྱིས་བསྐོར་བ་སོགས་བྲིས་ཐང་མང་པོ་ལ་ཞལ་ཁེབས་གོང་བཤམས་འཇའ་རིས་ཏོག་ལ་སོགས་པ་ཁྱད་དུ་འཕགས་པ་བསྒྲུབས་པའི་ཕྱི་ནང་གི་རྟེན་བྲིས་འབུར་རིགས་གྲུབ་རིམ་ནས་འཇམ་མགོན་ཁྲི་རིན་པོ་ཆེ་ཉིད་དང་ཆོས་ཀྱི་རྗེ་ངག་དབང་བསྟན་པ་རབ་རྒྱས་དཔོན་སློབ་སྦྲེལ་མས་རབ་གནས་ཡང་ཡང་གནང།
ལོ་ངོ་གསུམ་གྱི་ནང་དགོངས་རྫོགས་སུ་དམིགས་པའི་རྟེན་བཞེངས་ཐམས་ཅད་གྲུབ་མཚམས་མེ་ཡོས་ཧོར་ཟླ་གསུམ་པའི་དུས་ཚེས་དགེ་བར་འཇམ་མགོན་ཁྲི་རིན་པོ་ཆེ་ཉིད་རིག་པ་འཛིན་པའི་འཁོར་ཚོགས་སུམ་ཅུ་སྐོར་དང་བཅས་པས་དཔལ་ཀྱཻ་རྡོ་རྗེ་ལ་རྟེན་པའི་རབ་ཏུ་གནས་པ་སྨིན་རྒྱས་ཀྱིས་བྱིན་རླབས་ཀྱི་གཟི་བྱིན་འབར་བར་བསྒྲུབས་ནས་ས་གསུམ་སྐྱེ་དགུའི་བསོད་ནམས་ཀྱི་རྟེན་དུ་བཞུགས་སོ། །
༄༅ངག་དབང་ཀུན་དགའ་བཀྲ་ཤིས།
དེ་ལྟར་མཁས་དང་གྲུབ་པའི་རྩེ་མོར་བྱོན་པ་དེ་ཉིད་ཀྱི་རིགས་སྲས་འཇམ་པའི་དབྱངས་ངག་དབང་ཀུན་དགའ་བཀྲ་ཤིས་