[A:༤༩༨]གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གྱི་གླིང་བུ་སྲིད་ན་སྙན་པ་འདི་ཉིད་ནི་རྒྱུ་མཚན་གཞན་དག་གི་སྒོ་ནས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་ཉིད་ཀྱི་སྤྲུལ་པར་གྲགས་ཆེ་ཞིང་། གཞན་དུ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་ཀྱི་གྲགས་པའི་སྤྲུལ་པའི་སྐུར་ཡང་རྟགས་མཚན་དུ་མའི་སྒོ་ནས་གསལ་ཏེ། དེ་དག་གི་སྤྲུལ་གཞི་སྐུ་ཕྲེང་སོགས་ནི་གཞན་དུ་གསལ་བ་བཞིན་ལ། འཕགས་ཆེན་དམ་པའི་རྣམ་པར་འཕྲུལ་པ་མཐའ་གཅིག་ཏུ་མ་ངེས་པས་ཐུགས་རྒྱུད་གཅིག་པགཅིག་བ་སོགས་སུ་མི་འགལ་ཡང་། འདིར་ཁྱད་པར་དུ་བོད་ཀྱི་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཕལ་ཆེར་རྒྱ་གར་གྱི་པཎྜི་ཏ་ལྷ་དབང་བྱང་ཆུབ་དང་། དཱ་ན་ཤཱི་ལ་སོགས་དང་པཎ་ལོ་མཛད་ནས་དམ་པའི་ཆོས་དཔག་ཏུ་མེད་པ་བསྒྲུར་བའི་འཇིག་རྟེན་གྱི་མིག་གཅིག་ཏུ་ཞང་གི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ཞེས་པ་དེ་ཉིད་དག་པའི་སྐྱེ་བ་དུ་མ་བརྒྱུད་པའི་ཐ་མ་རྒྱལ་བ་གཞན་གྱིས་སྤངས་པའི་རྩོད་དུས་གདུལ་དཀའི་གངས་ཅན་འགྲོ་ལ་ཆེད་དུ་གཟིགས་པའི་རྒྱལ་སྲས་མཆོག་གི་སྙིང་སྟོབས་བརླིང་བ་རྗེ་འདི་ཉིད་ཡིན་པ་ནི། རྩོད་བྲལ་དུས་བབ་ཀྱི་གཏེར་ཆེན་ལོ་ཆེན་བཻ་རོའི་རྣམ་སྤྲུལ་རིག་འཛིན་གཏེར་བདག་གླིང་པ་ཆེན་པོ་འགྱུར་མེད་རྡོ་རྗེའི་ཤ་འུག་གི་གཏེར་བྱོན་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་