R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༩༩
[A:༤༩༩]འདུས་ཀྱི་ལུང་བྱང་དུ། ཡེ་ཤེས་སྡེ་སྤྲུལ་མཆོག་གི་སྙིང་སྟོབས་ཅནཿ འཁོན་གྱི་རིགས་ལས་མང་གའི་མིང་ཅན་འབྱུང་༔ ཞེས་འཁྲུལ་མེད་ལུང་གི་ཡི་གེ་དུས་གསུམ་སྒྲིབ་ཐོགས་བྲལ་བའི་སྨྱུག་གུས་བྲིས་པ་ཕྱོགས་ཀྱི་རྩིགས་ལོགས་སུ་གསལ་བར་ཤར་བ་འདི་ཉིད་ནི་ཡབ་རྗེ་དམ་པ་ངག་དབང་བསོད་ནམས་དབང་ཕྱུག་དེ་ཉིད་དགུང་གྲངས་བཅོ་བརྒྱད་དུ་ཕེབས་ཚེ། རྒྱལ་ཡུམ་དམ་པ་བླ་བྲང་ཤར་པའི་ལྕམ་གཅིག་པད་དཀར་བུ་ཁྲིད་ཅེས་བྱ་བའི་ལྷུམས་སུ་ཞུགས་པ་ནས་བཟུང་ཡུམ་ཉིད་ལ་བྱམས་དང་སྙིང་རྗེ་རང་ཤུགས་སུ་འཁྲུངས་པ་དང་། དབུལ་ཕོངས་ལ་རྗེས་སུ་བརྩེ་བའི་སྦྱིན་པ་ལྷུག་གཏོང་སོགས་རྣམ་དཀར་ལ་ཐུགས་སྤྲོ་ཞིང་མནལ་ལྟས་སུའང་ལུས་ལས་འོད་ཁ་དོག་ལྔ་འཕྲོས་པའི་དཀར་པོ་དེ་ཆེར་འཕེལ་ནས་འཇིག་རྟེན་ཐམས་ཅད་ཁྱབས་སྙམ་བྱེད་པ་དང་། དེ་སྐབས་དངོས་སུའང་ཉིན་བཞིན་གསོལ་ཚིགས་གྲོལ་མཚམས་སྦྲང་བུ་ཡིད་དུ་འོང་བ་ཞིག་གིས་སྐུ་ལུས་ཐམས་ཅད་ཉུག་བསྟར་ཆགས་སུ་བྱུང་བ། འཇམ་མགོན་ཨ་མེས་ཞབས་ལ་ཡུམ་རང་གིས་རྒྱུ་མཚན་ཞུ་བར་མཛད་པའི་ཚེ། བྱང་ཆུབ་སེམས་པའི་སྤྲུལ་པ་ཁྱད་པར་ཅན་ཞིག་ལྷུམས་སུ་ཞུགས་པར་ལྷ་རྣམས་ཀྱིས་ཁྲུས་གསོལ་བའི་རྟགས་སུ་འདུག་གསུངས་པ་སོགས་ཕྱི་ནང་གི་ངོ་མཚར་བའི་དགེ་ལྟས་རྒྱུན་མི་ཆད་པ་ནས་མེ་སྤྲེ་ས་ག་ཟླ་བའི་དུས་ཚེས་དགེ་བར་