[A:༥༠༡]པོ་ཆ་ལག་བཅས། ཆོས་སྲུང་སྐོར་སོགས་མཐའ་ཡས་པ་ཞིག་བསྩལ།
འདི་སྐབས་དགུང་གྲངས་དྲུག་བདུན་ཙམ་གྱི་སྐབས་ཡིན་ཀྱང་ཆོས་བཀའ་གསན་པ་ལ་ཐུགས་དགྱེས་ཉམས་ངོ་མཚར་བར་བཞུགས། རྡོ་རྗེ་ཕུར་པའི་ཆོག་བསྒྲིགས་ཚང་མ་ཐུགས་འཛིན་དང་། ཕྱག་ལེན་དབྱངས་རོལ་གར་འཆམས་སོགས་ཀྱང་ཚེགས་མེད་དུ་མཁྱེན།
དགུངས་གྲངས་བརྒྱད་པར་པུ་ཏྲ་དམར་ནག་གི་ཞལ་འབག་ཕྱག་བཟོ་མཛད་པ་ད་ལྟ་ཨེ་ཝམ་དང་དབང་ཁང་ཕུར་བཞུགས་པ་འདི་ཡིན། ལོ་དེར་ཡབ་རྗེ་རིན་པོ་ཆེ་དང་ལྷན་ཅིག་ཕུར་སྒྲུབ་ཏུ་ཕེབས་པ་གནང་དང་དེ་ལོོ་ནས་བཟུང་དགུང་གྲངས་བཅུ་གཉིས་བར། བྱམས་པ་ངག་དབང་རྣམ་རྒྱལ་གྱི་དྲུང་ནས་ཡབ་སྲས་ལྷན་ཅིག་པས་དབང་ཁྲིད་ཆེ་རིམ་དྲུག་ཅུ་སྐོོར་ཙམ་གསན།
དགུང་གྲངས་བཅུ་གསུམ་པ་ས་སྤྲེ་གནམ་ལོ་གསར་ཚེས་ལ་འཇམ་དབྱངས་གདུང་བརྒྱུད་རིམ་ཕེབས་ཀྱིིས་དམ་པ་ཆོས་ཀྱི་ཁྲི་ཆེན་པོར་གཙུག་ལག་གཉིས་ཀྱི་ཕྲིན་ལས་ལ་དབང་སྒྱུར་བར་མངའ་གསོལ་བའི་སྒོ་དོད་དེ། སྔར་རྒྱུན་བཞིན་ཕྱོགས་མཐར་དེ་ཚུལ་དྲིལ་བསྒྲགས། དུས་མདོས་ཆེན་མོ་ཡང་རྒྱལ་ཟླའི་གཞུག་ཏུ་བསྲིང་སྟེ་གཟབ་སྤྲོས་མཛད། ཆོ་འཕྲུལ་གྱི་ཚེས་གཅིག་ཉིན་ཕྱོགས་