[A:༥༡༨]སོགས་ཀྱིས་ཁྱོར་བ་གང་བཏུ་རྒྱུ་བྱུང་བ་སློབ་མ་དད་འབྱོར་ལྡན་པའི་ལུགས་སུ་འདུག དཔོན་དེ་འདིར་འབྱོར་ཐོག་མིག་ཀྱང་མི་གསལ་ཞིང་ལུས་བྱིངས་དང་རྐང་པ་མི་བདེ་བ་འདུག་པ་མཇལ་ཕྱག་ཐོབ་རྗེས་ནས་རིམ་དངས་ཀྱིས་ཐོན་ཁར་མིག་གསལ་ཞིངལུས་ཡང་བས་གླིང་སྐོར་གཉིས་རེ་ཙམ་ཐོགས་མེད་དུ་འཁོར་བ་བྱུང་བས་བྱིན་རླབས་དངོས་སུ་ཞུགས་པར་གསལ། མང་མཁར་ཆབ་ཚན་ལ་ཕེབས་ཚེ་ཆབ་ཁར་རླུང་ཆེན་ལངས་པ་གཞི་བདག་གཏོར་མ་ཞིག་གནང་བས་རླུང་པོ་རང་སར་ཞི་ཞིང་། གུང་ཚིགས་ཐོག་སྐུ་མདུན་དུ་སྦྲུལ་ལྗང་ཁུ་ཞིག་བྱུང་བར་གཟིགས་ནས་གཞི་བདག་དགྱེས་པའི་རྣམ་འགྱུར་ཞིག་ཏུ་འདུག་གསུངས་ནས་དེར་བཞུགས་རིང་གཞི་བདག་གཏོར་མ་ཆག་མེད་གནང་། གདན་སར་ཕེབས་ནས་དམ་རྫས་རིལ་སྒྲུབ་གནང་བའི་འཕྲིན་བཅོལ་དུ་སྒོ་རུམ་དུ་ཕེབས་པར་བསེ་མགོན་རིན་པོ་ཆེའི་ཞལ་རས་སྣུམ་བག་སོགས་དགྱེས་ཉམས་མཐུན་སྒྲུབ་ཏུ་བྱུང་། དེ་སྐབས་མནལ་ལམ་ཞིག་ཏུ། བུད་མེད་རྒྱན་ཁྲལ་ལེ་བ་ཞིག་གི་རོལ་མོ་ཞིག་ཐོགས་ཏེ་འདི་གྲོག་ཁད་ཅིག་ན་འདུག་པ་ཁྱེར་འོང་བ་ཡིན་པས་ཞིང་སྐྱོང་དགྱེས་པའི་ཆས་ཞུ་ཟེར་ནས་ཕུལ་བ་ཞིག་བྱུང་བ། ཕྱིར་ཉིན་བལ་པོ་རོལ་མོ་ཁུར་བ་ཞིག་གིས་བདག་གི་རོལ་མོ་འདི་འཁྱགས་པ་ལ་འདྲེད་ནས་རྡེབ་ཐང་གཉིས་ཤོར་བར་བརྟེན་མཐར་ཆག་ཉེན་