R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༢༡
[A:༥༢༡]གསེར་ཕིབས་ཤིང་བསྒྲིགས་ནས་བཟུང་བསྐྱར་འགེལ། གནམ་རྒྱན། ས་རྒྱན། རོལ་ཆ། མཆོད་རྫས་མར་མེའི་རྒྱུན་འཛུགས་པ་སོགས་ཀྱིས་མཚོན་མཆོད་རྟེན་མཎ་ཁང་ཀགྣི་སོགས་སྔ་ཡོད་ཉམས་གསོ་དང་གསར་བཞེངས་གཟུགངས་འབུལ་རབ་གནས་སྐྱོར་བ་སོགས་དུ་མ་ཞིག་མཛད། འདི་སྐབས་ཀྱང་མཁན་ཆེན་བཟང་པོ་རྒྱལ་མཚན་ཕེབས་པར་དབང་ཁྲིད་ལུང་གི་རིགས་དཔག་ཏུ་མེད་པ་ཞིག་གསན་པའི་མཐར་མཁན་ཆེན་དེ་ཉིད་ནས་རྗེ་ཉིད་ལ་ཞབས་དྲུང་ནས་འཆད་རྩོམ་གནང་བ་རྣམས་གདུལ་བྱ་ཤིན་ཏུ་རྨོངས་པ་ཡིན་ན་མ་གཏོགས་ཉམས་རྟོགས་ལེགས་པ་ཅི་རིགས་པ་རེ་མི་སྐྱེ་བ་མ་མཐོང་ཞིང་། དེང་སང་དབུས་གཙང་གཉིས་ལ་ཟབ་ཆོས་བཞུགས་ཚོགས་ཆེ་བ་སྐུ་ཉིད་འགྲན་ཟླ་མ་མཆིས་གཤིས་ཆོས་བཀའ་སྤྱི་དང་ཁྱད་པར་ས་སྐྱའི་ཡབ་ཆོས་ཡང་ཟབ་འདི་རྣམས་རྒྱུན་སྤེལ་མི་ཉམས་པ་སྔར་རྒྱུན་བཞིན་རྟག་འགྲུས་གནང་དགོས་གསུངས་པས། རྗེ་ཉིད་ནས་དེང་དུས་ཆོས་ལ་དོན་གཉེར་ཉུང་ཞིང་ཁ་ཅིག་ཟ་ཆོག་མཁོ་བེད་ཙམ་གྱི་ཆོས་ཞུར་བྱུང་ཡང་རྐྱེན་ཕྲ་མོ་ཙམ་ཡང་མི་ཐེག་པར་ལྐོག་དངོས་གང་རུང་ནས་བླ་མར་འབར་ཤར་གཏོང་བའི་དམ་སེལ་ཉམས་གྲིབ་ཀྱིས་སྲིད་པའི་མ་མོ་འཁྲུགས་པས་འཇིག་རྟེན་ན་མི་དགེ་བ་འབྱུང་བའི་རྒྱུ་ལས་མི་འདུག་པས་ཕལ་ཆེར་བརྒྱུད་པ་ལྷད་མེད་ནས་ཐོབ་པའི་ཆོས་བཀའ་རྣམས་རང་གི་ཉམས་