R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༢༢
[A:༥༢༢]ལེན་གང་ལྕོགས་ལྲོ་དགེ་རྩ་སེམས་ཅན་ལ་བསྔོ་སྨོན་བྱས་པ་རང་ཕན་ཡོན་ཆེ་འདྲ་སྙམ་མོད། འོན་ཀྱང་རྣམ་འདྲེན་བླ་མའི་བཀའ་སྩལ་མི་གཅོག་པས་དམ་ལྡན་འོས་རིགས་བྱུང་ཚེ་དེ་བཞིན་ཞུ་གསུང་། དེ་སྐབས་མདོ་སྨད་རི་ཁུད་དགོན་སྐུ་སྐྱེ་ངག་དབང་ཀུན་དགའ་དང་། གདོང་དགའ་བླ་མ་བསོད་ནམས་ཆསོ་འཕེལ། གོང་དཀར་རྡོ་རྗེ་གདན་གྱི་ཟུར་འཆད་པ་སོགས་སྣོད་ལྡན་འགའ་ཞིག་གིས་གསོལ་བ་བཏབ་ངོར། ཀྱཻ་རྡོར་རྒྱུ་ལམ་གྱི་དབང་སོགས་སྨིན་གྲོལ་ཟབ་རྒྱས་དུ་མ་ཞིག་བསྩལ། དགུང་གྲངས་སོ་དྲུག་པར་ཆོས་རྗེ་བཅོ་བརྒྱད་པ་མཁྱེན་རབ་ངག་དབང་བྱམས་པ་ལྷུན་གྲུབ་གདན་དྲངས་ཏེ་མདོ་སྔགས་གསར་རྙིང་ལུང་འཁྲིད་མན་ངག་དབང་བཀའ་སྙན་བརྒྱུད་ཟབ་མོ་དཔག་ཏུ་མེད་པ་ཞིག་གསན། ཕར་ཡང་ཆོས་རྗེ་རིན་པོ་ཆེ་དེ་ཉིད་ཀྱིས་གཙོས་པ་འགའ་ལ་ཆོས་བཀའ་རྒྱ་ཆེར་གནང་། གདན་ས་དན་གྱི་ནུབ་ཕྱོགས་དཔོན་ཆེན་ཤཱཀྱང་བཟང་པོའི་གསེར་འབུམ་བཞུགས་པའི་སྐོར་དང་། ས་ལ་དབང་ཕྱུག་གྲགས་སོགས་ཀྱི་གཙུག་ལག་ཁང་ཕྱི་ནང་གོག་སྟོབས་ཆེ་བར་ཐོག་མར་ཨརྒའི་ཆོ་ག་ནས་བཟུང་ཞིག་གསོས་མཛད། པ་ལ་བའི་ནང་རྟེན་མཆོད་རྟེན་གཉིས་ཀྱི་གདུགས་འཁོར་ཡན་ཉམས་གསོ་དང་། མཆོད་རྟེན་གཅིག་རྩ་བ་ནས་གསར་བཞེངས། སྐུ་བརྙན་རེ་གཉིས་མ་གཏོགས་ལྡེབས་བྲིས་