R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༢༦
[A:༥༢༦]ང་རང་གི་འདྲ་འབག་གཅིག་མགོ་འདྲེན་ཞུས་གསུངས་འདུག་པ་ལྟར་འབྱོར་བས་རྗེ་ཉིད་ནས་ས་ལམ་གྱི་བར་གཅོད་ཞི་བའི་སྐྱབས་འཇུག་དང་འདྲ་སྐུ་གསར་བཞེངས་ལ་གཟུངས་བཞུགས་དང་རབ་གནས་སྨིན་རྒྱས་བཅས་གནང་བའི་འཐོར་ནས་འབྲུ་གསུམ་སྐུ་འདྲའི་ཐུགས་ཀར་འཛིན་པ་སོགས་ངོ་མཚར་བ་བྱུང་། རྩེ་གདོང་ནས་ཞབས་དྲུང་ཨ་མི་དྲུང་ཀུན་དགའ་ཚེ་དབང་རིག་འཛིན་བཀའ་ཆོས་འགའ་ཞིག་ཞུ་བར་ཕེབས་པར་ཡང་གྲུབ་རྒྱལ་ཚེ་དབང་། ལྕགས་སྡོང་མ། མདའ་འཕེལ་མ་རྣམས་ཀྱིས་ཐོག་དྲངས། ཡབ་ཆོས་ཡང་ཕུར་གཉིས་ཀྱིས་གཙོས་པའི་དབང་ལུང་དཔག་ཏུ་མེད་པ་ཞིག་བསྩལ། ཆོས་སྡེ་ལྷོ་བྱང་འདུས་ཚོགས་རྣམས་ལ་སྔོན་འཇམ་མགོན་ཨ་མེས་ཞབས་ཀྱི་སྐུ་རིང་ཚུགས་པའི་ས་པཎ་གྱི་སྡོམ་རྒྱུན་ལྟར་ཉི་ཤུར་སླེབས་པ་རྣམས་ལ་བསྙེན་པར་རྫོགས་པའི་དངོས་པོ་བསྒྲུབ་དགོས་བཀའ་ཕེབས་བཞིན་མཁན་ཆེན་བསམ་གཏན་ལྷུན་པོས་གྲ་གསར་ལྔ་བཅུ་སྐོར་ངུར་སྨྲིག་གི་རྒྱལ་མཚན་འཛིན་པར་བསྒྲུབས་པའི་ལས་གྲལ་མཛད། མཁན་ཆེན་བཟང་པོ་རྒྱལ་མཚན་ཁམས་སུ་ཕེབས་རྒྱུར་ཉེར་མཁོའི་ཆོས་བཀའ་ཕྱག་ལེན་དུ་མ་ཞིག་དང་། ཟང་ཟིང་གི་གནང་ཆ་དཔག་མེད་བསྩལ། མཁན་ཆེན་ཉིད་ནས་ཀྱང་ཚེ་དབང་བརྒྱ་རྩ་དང་། ཞབས་བརྟན་འབུལ་བ་སྤོམ་མཐོར་ཕུལ་ཏེ་