R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༢༧
[A:༥༢༧]དཔོན་སློབ་ནང་ཐུགས་གཤིན་པའི་ཕེབས་སྒོ་དུ་མ་གནང་། དགུང་གྲངས་སོ་དགུ་པར་ལྷ་ཁང་ཆེན་མོའི་ལྕགས་རིའི་བྱང་སྤེ་ཉམས་གསོ་དང་། དེ་དག་ཏུ་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་རྒྱས་པའི་བུམ་གཏེར་ཁ་ཤས་འཇུག་པ་གནང་། འབུམ་ཐང་གི་དཔལ་ཆེན་འོད་པོ། ཟངས་ཚ། བ་རི་ལོ་ཙཱ་བ་རྣམས་ཀྱི་ཕྱི་རྟེན་འགའ་ཞིག་ཧྲུལ་བ་ལ་ཨརྒའི་ཆོ་ག་ནས་བརྩམས་ཉམས་གསོས་རྨང་ནས་བསླང་བར་མཛད་པ་དེ་སྐབས་ཐན་པ་ཆེ་བས་སྐྱེ་དགུ་ཉམ་ཐག་པའི་སྐབས་ཡིན་པ་ལ་ཨར་པོ་ཚུགས་ནས་ཆར་རྒྱུན་ལེགས་པར་བབས་པས་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱུང། རྟེན་རྣམས་ཀྱི་ནང་བཞུགས་སྔར་ཡོད་ལ་གསེར་ཆབ་གསོལ་བ་དང་། གསར་འབུལ་ཚད་མེད་པ་ཕྱག་ལེན་རྣམ་པར་དག་པའི་སྒོ་ནས་བསྩལ་ཏེ་རབ་གནས་སྨིན་རྒྱས་བཅས་མཐར་ཕྱིན་པར་མཛད། སྲུང་མ་བསེ་ཁྲབ་ཅན་གྱིས་ལུང་བསྟན་བཞིན། དཔོན་ཆེན་ཤཱཀྱ་བཟང་པོའི་གསེར་འབུམ་ཐོག་གི་དབང་ཁང་ཀ་དྲུག་མར་ཚེ་དཔག་མེད་ཀྱི་འབུར་སྐུ་བཅུ་གསུམ་བྲིས་སྐུ་བརྒྱ་དང་ལྔ་བཅུ་རྣམས་གསར་བཞེངས། མཆོད་རྫས་དུ་མ་དང་བཅས་བསྐྲུན་པར་མཛད། གོང་དུ་སྨོས་པ་ལྟར་རིག་འཛིན་གཏེར་བདག་གླིང་པ་ཆེན་པོས། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་གཏེར་ནས་གདན་དྲངས་པའི་ལོ་བདུན་ཚུན་ལ་གསན་བཞེས་གྲུབ་ན་ལེགས་