R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༢༩
[A:༥༢༩]འདིར་བསྡད་པས་གཞི་བདག་འགའ་རེ་དགའ་བ་དང་འགའ་རེ་མི་དགའ་བའི་རྣམ་འགྱུར་འདུག་ཅེས་ཕེབས། དེ་སྐབས་རྗེ་ཉིད་བཞུགས་སྒར་གྱི་ཕྱི་ནང་གར་ཕེབས་ལ་འཇའ་ཚོན་གྱི་འོད་སྒོར་རང་བྱུང་བར། ཕྱག་མཛོད་ནས་ཉིན་བཞིན་འཇའ་སྒོར་འདི་ཡིད་སྣང་བདེ་རྒྱུ་རང་ཞིག་མི་འདུག་པས། ཆིངས་ཁག་གཞན་དང་ལྷན་ཅིག་ཕག་རིར་ཕེབས་ན་མི་འཐད་དམ་ཞུས་པས། དེང་སང་ནམ་ཟླ་དྲོད་གཤེར་སྟབས་འཇའ་སྤྲིན་ཡོང་བ་ལ་ཉེས་པ་རང་མེད་དམ་གསུངས། འོན་ཀྱང་ཕྱག་མཛོད་ནས་གདན་སར་སྐུ་རིམ་གྱི་བང་ཡིག་དང་། དགོན་ཁག་གཞན་ལའང་མང་བསྐོལ་སོགས་བརྫངས་མུར་ཕག་རིའི་བསྙེན་གནས་མ་རྣམས་ལ་ཐུགས་རྗེ་ཆེན་པོའི་རྗེས་གནང་དང་བསྒོོམ་ལུང་གནང་བའི་སྐུ་གྲིབ་ཀྱི་ཉེན་བསླངས་སྐུ་ཁམས་ལྟེམ་པ་ཞིག་བྱུང་བས། ཉེ་སྐོར་གྱི་དགོན་སྡེར་སྐུ་རིམ་ཡང་བསྐྱར་རྒྱ་ཆེ་བ་དང་། བན་ཚང་བ་རྣམས་ཀྱིས་བསྐང་གསོ། སྲི་མནན། སྲི་ཐར་སོགས་གསེང་ཤེར་མེད་པར་བསྒྲུབས། བཞུགས་སྒར་ཤོ་སྨུག་ཏུ་སྤོས་ནས་འབྲུག་པ་དང་མཇལ་འཛོམ་ཞིག་མཛད་དགོས་བྱུང་བར་སྐུ་འཁོར་རྣམས་ནས་ཕེབས་པ་བཤོལ་ཡང་། ད་ལན་ཐོག་མར་ཡིན་གཤིས་རྟེན་འབྲེལ་གྱིས་རིབ་ཙམ་ཞིག་འགྲོ། ལབ་རྒྱུ་སོགས་མཛོད་པ་རང་ནས་ཞིབ་ཚགས་