[A:༥༣༠]གྱིས་དང་སྐྱོན་མི་འོང་ཕེབས་པ་བཞིན་དོན་གནས་བྱུང་། དེ་སྐབས་རྗེ་ཉིད་ཀྱི་མནལ་ལམ་དུ། སྐུ་ཉིད་ས་ཕྱོགས་སྤང་གཤོང་ཞིག་ན་བཞུགས་པའི་ཉེ་ཕྱོགས་སུ་བན་དེ་མགོ་སྐྱ་ཞིག་གིས་གཟན་ཉིས་ལྟེབ་ཅིག་བཏིང་སྟེ་དེའི་ཁར་བཞུགས་ཟེར་བར་བཞུགས་པ་ལ་ཐུགས་མི་སྤྲོ་བ་ཞིག་བྱུང་ནས་གཞན་ཞིག་ཏུ་ཕེབས་པར་ཕེབས་ལམ་རྣམས་སུ་ཁོས་གཟན་དེ་བཏིང་ནས་ཞབས་རྫིས་ཐེབས་ཐབས་རང་བྱེད་པར། རྗེ་ཉིད་ནས་ཐུགས་ཟོན་མཛད་པའི་མུར། མཆོད་རྟེན་དཀར་པོ་ཞིག་ལ་སྒོ་ཞིག་འདུག་པའི་ནང་དུ་ཕེབས་པས་སེང་ཁྲིའི་ནང་ལམ་འབྲས་བླ་བརྒྱུད་སྐུ་འདྲ་གཟི་བྱིན་ལྡན་པ་གསུང་འབྱོན་ཉེ་བའི་ཉམས་ཅན་གྱི་མཐའ་སྐོར་དུ་མཆོད་པ་སྣ་ཚོགས་ཤིག་བཤམས་འདུག་པའི་སྐུ་རེ་རེ་ལ་བྱིིན་རླབས་ཞུ་བར་མཛད། བུམ་ལྡིར་དུ་བྱོན་པའི་ཚེ། རིག་འཛིན་བརྒྱུད་པ་གོང་བཞིན་བཞུགས་འདུག་པ་རྣམས་ལའང་བྱིན་རླབས་ཞུ་བར་མཛད་པས་འཁོན་དཀོན་མཆོག་རྒྱལ་པོ་གཞན་ལས་ཀྱང་ཟིལ་ཆེ་བ་ཞིག་གིས་བྱིན་རླབས་གནང་བ་དང་བསྟུན་རིགས་ཀྱི་བུ་མཆོག་དང་ལྡན་པ་ཁྱོད་ད་ལམ་བསྙུན་གཞི་འདི་ལས་མྱུར་དུ་གྲོལ་བར་ཡོད་དོ། །སངས་རྒྱས་ཀྱི་བསྟན་པ་སྤེལ་ལ་སེམས་ཅན་གྱི་དོན་མཛོད་ཅིག་གསུངས་པའི་མུར་མནལ་སད་པ་དང་སྐུ་ཁམས་དངས་ཤིང་ཐུགས་བདེ་མས་ཤར། གདན་ས་ནས་དཔོན་ཚང་