R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༣༡
[A:༥༣༡]བསྟན་འཕེལ་བ་ཡང་བཤད་རྩོལ་གྱིས་འབྱོར་པས་འཕྲལ་དུ་གསོལ་སྨན་ཕུལ། ཁོང་ལ་ཕྱག་མཛོད་ནས་བསྙུན་གཞིའི་བབ་དྲིས་པས་སྐྱོན་རང་མི་འདུག་ཚ་བ་མ་སྨིན་པ་ལ་བསིལ་བཅོས་ཐལ་བའི་སྐྱོན་དུ་འདུག་ཟེར་བ་བཞིན་ངོས་གསལ་གྱིས་རིམ་དངས་སུ་གྱུར་པས་དུས་ཚེས་དགེ་བར་ལྷ་དང་སྲུང་མར་གཏང་རག་གི་བསངས་གསོལ་རྒྱས་པ་སོགས་གནང། དེ་ནས་འཆིངས་མཚམས་རིམ་གྱིས་འཕེན་སྐོར་མཛད་ཀྱང་། ཕན་ཚུན་གཉིས་ཀ་ནས་འཕྲལ་ལེན་ཞིག་མ་བྱུང་བའི་སྐབས། ཕག་རི་བས་བསོས་པ་འབྲོག་པའི་ནོར་ཕྱུགས་ཚན་ཆེ་བ་དེད་པའི་རྒྱུས་བཙན་གདོང་བ་དང་འཁོན་རྐྱེན་གྱི་ཕག་རི་རྫོང་དཔོན་སྟོད་ལུང་ཞིང་མོ་ཆེ་བས། ངན་ཞེ་བཞག་གིས་རྗེའི་བཞུགས་སྒར་ཐོག་ཏུ་བཙན་གདོང་བའི་ཚོང་པ་ཐོར་བུ་ཡོད་པ་ལ་བཀབ་པས་རྗེ་ཉིད་ཐུགས་དམ་གྱི་མུར་ཧབ་འགྲོས་ཀྱིས་བཞེངས་ནས་བར་མཛད་ཀྱང་ཕག་རི་ཡུལ་དོན་པ་རྣམས་ཀྱིས་བརྩི་མེད་ཀྱི་བཙན་གདོང་བའི་མི་བཅུ་གཉིས་བཟུང་འཁྲིད་ཀྱིས་བཞུགས་སྒར་ལ་སྨ་འབེབས་བྱས་པར་ཐུགས་རྒྱལ་བཞེེངས་ཏེ་ཆོས་སྲུང་ལ་དྲག་པོའི་ལས་བསྐུལ་གནང་བས། དེ་མ་ཐག་ངན་སྦྱོར་བ་རྣམས་ལ་དམར་བཤལ་གྱི་ནད་ཡམས་ལྟ་བུའི་ཞག་རེའི་ནད་ཀྱིས་ཤ་རུས་ཚལ་པར་ཚད་པ་ཞིག་བྱུང་སྟེ་འཆི་ཁར་ཁོག་ཞུགས་ཀྱིས། བསམ་ཡས་ཆོས་སྐྱོང་