R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༣༢
[A:༥༣༢]ཡིན། གནོད་སྦྱིན་བེག་རྩེ་ཡིན། ངེད་ཚོ་གུར་གྱི་མགོན་པོས་སྡོད་དུ་མི་སྟེར། གུར་གྱི་མགོན་པོ་ས་སྐྱ་འཇམ་དབྱངས་ཁྲོས་པས་སྡོད་དུ་མི་སྟེར་ཟེར་བ་སོགས་ཀྱི་རྟགས་མཚན་མངོནསུམ་དུ་གྱུར་པས་ཚར་བཅད། ཟླ་བ་དང་པོའི་ནང་ཕག་བཙན་གྱི་མི་རྟ་སྤྲོད་ལེན་དུ་རོང་ལ་ཕེབས་ནས་ཟླ་བ་ཕྱེད་གཉིས་ལྷག་འགོར་གྱི་སྐབས་མནལ་ལམ་དུ་ཡབ་རྗེ་རིན་པོ་ཆེ་དེ་ཉིད་ཀྱི་ཕྱག་ན་ནོར་བུའི་རིགས་ཁ་དོག་སྣ་ཚོགས་པ་ཞིག་བསྣམས་ནས་རྗེ་ཉིད་ལ་གནང་བ་དང་མཉམ་དུ་ཐུགས་དགྱེས་ཉམས་དང་བཅས་ཏེ་ངེད་ཀྱི་རྣམ་ཐར་དེ་ཤིན་ཏུ་ལེགས་པོ་བྱུང་འདུག ངོ་མཚར་ཆེ་བའི་ནང་ནས་རྒྱལ་མཚན་འཛུགས་པའི་ཆོ་ག་དེ་ངོ་མཚར་ཆེ་བར་ཡོད་གསུངས་པ་ཞིག་བྱུང་། དེ་མཚམས་སྲུང་མའི་ཚོགས་ལ་འཕྲིན་བཅོལ་བཅས་ཐུགས་བསྐྱེད་རྣམ་པར་དག་པའི་མཐུས་འབྲུག་ཕྱོགས་ནས་པད་རྒྱལ་ཁུ་མཚན་ཕྱོགས་གཏོགས་མི་གྲངས་བཞི་སྟོང་ལྷག་པ་ཕྱིར་སློག་དང་། བོད་ཕྱོགས་ནས་ཀྱང་ཨ་འཛིན་ཆར་གཏོགས་བཅས་པ་རྩོད་ཟློས་མེད་པ་བཅས་གཞུང་འབྲུག་སོ་སོ་ནས་གསལ་མཛད་པས་རྗེ་ཉིད་ནས་ལེགས་སྤེལ་གྱི་ཁྲ་མ་འདོམས་ཆེ་བའི་དབུ་རྩི་བཞེས་པས་མཆོག་དམན་ཐམས་ཅད་ཡིད་བདེའི་གནས་སུ་གྱུར། དེ་ནས་ཕག་རི་ནས་ཆིབས་བཏེགས་ཏེ་རིམ་གྱིས་ཕེབས་པའི་