R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༢
[A:༥༢]བདག་ཆེན་ངག་དྲུང་གི་གྲྭ་པ་དྲུང་རམ་པ་དགེ་འདུན་དར་རྒྱས་ཞེས་པ་ལ། དགེ་དར་བ་ཞེས་འབོད་པ་གཅིག་ཡོད་པ་དེ་ནམ་གཟིགས་པ་ན་ཐུགས་ཤིན་ཏུ་དགྱེས་པའི་ཚུལ་མཛད་པ་དང། རྗེ་དཀོན་མཆོག་ལྷུན་གྲུབ་པའི་ཐུགས་སྲས་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་པ་ཞལ་ངོའི་སྐུ་སྲུང་ལ་བཞུགས་པ། ཁོང་གིས་རི་ཁྲོད་ལོ་མ་ཅན་གྱི་ཁྲུས་ཆོག་མཛད་པ་གཟིགས་པས། ཁོང་ལ་པི་ཤ་ཞེས་འབོད་པ་གནང་ཞིང་ཉེ་འཁོར་དུ་བཞུགས་ནས། ཁོང་གི་སྐུ་ཆོས་དེ་སྐུ་ལ་མི་རྫོགས་བཞིན་དུ་བཞེས། དབུ་ཞྭ་དབུ་ཐོག་ཏུ་འཇོག་པར་མཛད་པ་ལ། ཁོང་གིས་དེ་འདྲ་མ་མཛད་འབགས་ནས་འགྲོ་ཞུས་ཀྱང་མི་གསན་པར་དེ་བཞིན་མཛད། དེ་སྐབས་ཤིག་ཁོང་པ་འགྲོ་ཙ་ན། ད་པི་ཤ་མ་བྱུང་ཞེས་ཡང་ཡང་གསུངས། རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་པས། གདུང་བརྒྱུད་འདི་གཞན་དང་མི་འདྲ་བའི་ངོ་མཚར་ཆེ་བ་ཞིག་འདུག་འདི་ལ་སྐུ་ཡོན་ཞིག་འབུལ་བའི་ཞབས་ཐོག་ངེད་ཀྱིས་བྱེད་རྒྱུ་བྱུང་ན་ཚོགས་བསགས་པར་འདུག་སྟེ། ང་མྱུར་དུ་འཆིའམ་ཞེས་གསུང་ཞིང། ཁོང་བདུན་ཅུ་དོན་ལྔ་བཞེས་ས་ཕག་ལོ་སྐུ་གཤེགས། དེ་དུས་རྗེ་འདི་དགུང་ལོ་ལྔ་པ་ཡིན་པས་ལྷ་བཟོ་བ་དང། ཤིང་བཟོ་བ་དང། མགར་བ་རྣམས་བོས་ནས། ངའི་པི་ཤ་མ་བྱུང། ཁྱེད་ཚོས་ངའི་པི་ཤ་ཡག་པོ་ཤིག་བཟོས་ཤོག་ཅེས་གསུངས། ཅུང་ཟད་སྐུ་ནར་སོན་པ་ན་