R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༣༤
[A:༥༣༤]འདུག་པར་སྐྱབས་འཇུག་ཞུས་པས། རྗེ་ཉིད་ནས་བགེགས་སྐྲོད་དང་། ཚེ་རྟ་སྦྲེལ་བའི་དབང་ཞིག་གནང་བ་ནས་བཟུང་འཚུབ་ལྷོང་གཏན་ཆད་པས་ཕྱིས་སུའང་དད་སྤྲོས་གསོལ་བ་འདེབས་པ་བྱུང་། དེ་ནས་སྐྱེད་ཚལ་ཀླུ་སྡིངས་ཉེ་བར་གཞུང་ས་མཆོད་ཡོན་ནས་ཐབ་འཛིན་དང་ཕེབས་བསུ་བཅས་ཇ་སྦྱོར་གཉིས་ཡུན་ལ་བཞུགས་གྲལ་གནང་། ལྷ་སར་རག་ཁ་གླིང་དུ་བཞུགས་སྒར་མཛད། འདི་སྐབས་ལྷ་སར་སིབ་བུ་སོགས་ནད་ཡམས་དུ་མ་ཞིག་ཡོད་པའང་རིམ་གྱིས་ཆད། དེ་ནས་རྒྱལ་དབང་མཆོད་ཡོན་ལྷན་རྒྱས་ནས་འབྱོར་ཐོན་སྦྲགས་མའི་མཇལ་ཁ་བསྡུས་པ་བཞིན་ཞབས་བརྟན་གྱི་འབུལ་ནོད་སོགས་རྒྱས་པར་མཛད། པོ་ཏ་ལའི་གནས་རྟེན་ཞིབ་མཇལ་དང་། གསེར་གདུང་འཛམ་གླིང་རྒྱན་གཅིག་མཇལ་བར་མཛད་ཚེ་རྒྱལ་དབང་དེ་ཉིད་ཀྱི་ཐུགས་བརྩེ་དྲན་པས་གསོལ་འདེབས་ཤིག་ཀྱང་འཕྲལ་རྩོམ་མཛད། ཇོ་ཤཱཀ་རྣམ་གཉིས་སོགས་ཞིབ་མཇལ་དགོངས་པས་ཕེབས་ཀྱང་ཇོ་བོ་རིན་པོ་ཆེ་མ་གཏོགས་ཕེབས་ལམ་གཞན་དུ་ཕྱག་དབང་ཞུ་མིས་འགགས་ཏེ་ཕེབས་མ་ཐུབ། ཡེར་པ་ཟླ་བ་ཕུག་གི་གནས་གཟིགས་ལ་ཕེབས་ཏེ་ཞིབ་མཇལ་མཆོད་འབུལ་བཅས་དེ་དགོངས་ཕྱིར་འཁོར་མཛད། ལྷ་སའི་གཞི་གནས་ཕྱོགས་འདུས་བཅས་ནས་གདན་སའི་ཞལ་ངོ་