[A:༥༣༧]ཕེབས་ལམ་དུ་ཆོས་རྒྱལ་འཕགས་པ་སྐུ་འཁྲུངས་པའི་གཏམ་སྙན་ས་པཎ་གྱིས་གསན་པའི་གཏམ་སྙན་ཆོས་ཁྲི་ལ་བཀྲས་བཏགས་ཀྱི་དར་ལྕོག་ཅིག་གནང་། ཡུམ་བུ་བླ་མཁར་གནས་གཟིགས། དེ་འཚམས་བཀྲ་ཤིས་ཆོས་སྡེ་ནས་ཕེབས་བསུའི་བཀོད་པ་ཚར་དུ་དངར་བ་དང་བཅས་བླ་བྲང་དུ་ཕེབས། དཀར་སྤྲོ་གཟབ་མ་ཞབས་བརྟན་འབུལ་བ་རྒྱ་ཆེར་ཕུལ། ཡར་ཀླུང་ཤེལ་བྲག་ཏུ་གནས་གཟིགས་ལ་ཕེབས། དེ་སྐོར་གྱི་ཚེས་བཅུ་བ་རྣམས་ལ་ལེའུ་བདུན་མའི་ལྗགས་ལུང་གནང་། བཙན་ཐང་ལྷ་ཁང་དང་། བྱ་ས་ལྷ་ཁང་གནས་གཟིགས། སྨིན་གྲོལ་གླིང་ནས་གདན་འདྲེན་འབྱོར་བ་བཞིན་ཕེབས་ཉེའི་ཚེ་ལོ་ཆེན་རིན་པོ་ཆེ་དཔོན་གཡོག་གིས་ཆིབས་བསུ་དང་། སེར་ཕྲེང་གི་བཀོད་པ་རྨད་དུ་བྱུང་བས་ཕེབས་བསུ་བཅས་ཐུགས་སྤྲོའི་ངང་ནས་ཞག་ཤས་བཞུགས། གཏེར་ཆེན་རིན་པོ་ཆེ་སྐུ་མཆེད་ཡབ་སྲས་སོ་སོར་ལེགས་སྐྱེས་རྒྱ་ཆེར་བསྩལ། གཏེར་ཆེན་རིན་པོ་ཆེ་ཡབ་སྲས་ལ་ཚེ་དཔག་དཀར་པོ་དང་། གུར་མགོན་ལྷ་བརྒྱད། པུ་ཏྲའི་ཟུར་བཀའ་རྣམས་གནང་། གཏེར་ཆེན་རིན་པོ་ཆེའི་ཞབས་དྲུང་དུ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར་ཚང་མ་སྨིན་རྒྱས་གསན། སྐུ་འབུམ་མཐོང་གྲོལ་ཆེན་མོ་སོགས་གནས་རྟེན་རྣམས་ལ་ཕྱག་ནས་དང་ཕན་ཚུན་ཐུགས་ནང་གཅིག་འདྲེས་ཀྱི་དགྱེས་སྤྲོ་མཛད། དངོས་