R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༤༠
[A:༥༤༠]ལུགས་ལེགས་སུ་གྱུར། འབྲོང་རྩེ་ཞལ་ངོ་དཔོན་གཡོག་འབུལ་ཆེན་བཅས་འབྱོར་བར་ཕྱག་དབང་ཞལ་མཇལ་གནང་། རྩིའི་གནས་གསར་གྱི་དགོན་གནས་དང་། འཇམ་དབྱངས་ས་པཎ་གྱིས་བྱིན་གྱིས་བརླབས་པའི་རྐྱང་འདུལ་བདེ་བ་ཅན་དུ་ཕེབས། ངོར་དུ་མང་འགྱེད་དང་འདུ་ཁང་ཆེན་མོར་ཚོགས་ཆོས་ཀྱང་བསྩལ། སྤྱི་སྒེར་ནས་འབུལ་ནོད་དང་བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་ཕུལ། དེ་ལྟར་ཡས་ཕྱིར་ཕེབས་ལམ་དུ་དགོན་གནས་ཆེ་ཕྲ་རྣམས་སུ་མང་ཇ་འགྱེད་དང་བཅས་བསྩལ་བ་ཡང་། གསེར་མདོག་ཅན། ཡེར་པའི་དགོན་སྡེ། གུང་ཐང་ཆོས་སྡེ། བསམ་ཡས་རབ་བྱུང་གྲྭ་ཚང་། སྒྲགས་གི་སྒྲུབ་སྡེ། འབྲས་གླིང་། བཀྲ་ཤིས་ཆོས་སྡེ། ཤེལ་བྲག སྨིན་གྲོལ་གླིང་། གྲ་ཕྱི། གྲ་ཐང་། གདུང་ཕུད་ཆོས་འཁོར། དྭགས་པོ་གྲྭ་ཚང་། གོང་དཀར། ཐར་པ་གླིང་། གུར་པ་གྲྭ་ཚང་། རྩེ་ཆེན། རྩིའི་གནས་གསར། རྐྱང་འདུལ་བདེ་བ་ཅན། ངོར་རྣམས་ཏེ་དེ་དག་ཏུ་གནས་གཟིགས་རྟེན་མཇལ་ལ་ཕེབས་པ་དང་། ཆོས་བཀའ་ཡང་ཕལ་ཆེར་ལ་བསྩལ་ཞིང་། ཆོས་སྡེ་ཆེ་གྲས་དེ་རིགས་དང་འདབ་འབྱོར་ཡུལ་གྲོང་ལའང་ཁྲོམ་དབང་ཡང་ལྔ་དྲུག་གནང་སྟེ་འབྲེལ་ཐོགས་ཐར་ལམ་བཀོད་ཅིང་གཟུགས་ཅན་གཟུགས་མེད་ཀྱི་ཞབས་ཏོག་བློའི་ར་བ་