[A:༥༤༤]པ་ཡིན། དགེ་ལྡན་ནས་ཀྱང་དཔུང་གིས་ལོངས་ན་དེ་ཀ་རང་དེ་མིན་ཕྱིར་སློག་མི་བྱེད་པ་མནའ་བོར་བ་ཡིན་ཟེར་བ་སོགས་ལ་རྒྱ་བོར་བའི་ཚིག་ཐུང་ཞིག་ལས་མི་འདུག་པས། རྗེ་འདི་ཉིད་ཐུགས་རྒྱལ་གྱི་རྣམ་པས། འོ་ན་སླར་འབྲས་ལྗོངས་ལ་བརྟེན་པའི་ཅི་བྱུང་ཡང་། ངེད་བར་པ་ཚོར་སྐྱོན་ཁག་མེད་དོ་གསུངས་ཐག་རྦད་བཅད་ཀྱིས་ཆིབས་ཤར་མར་ཚུར་བསྒྱུར་ཏེ་གདན་སར་ཕེབས།
དགུང་གྲངས་ཞེ་དྲུག་པར། ལྷ་ཆེན་གྱི་སྟེང་གཡབ་བྱང་ལོགས་མ་གཏོགས་གསར་འབུབས་དང་གནམ་སའི་རྒྱན་མཆོད་རྒྱུན་ཕུལ་བྱུང་བཅས་རབ་གནས་ཀྱང་སྨིན་རྒྱས་དང་། བཟོ་རིགས་ལས་རྒྱབ་བཅས་ལ་སྟོན་མོ་ལེགས་སྐྱེས་རྒྱ་ཆེར་གནང། ཟླ་བ་བཞི་པའི་ནང་དམ་རྫས་རིལ་སྒྲུབ་གནང་ཞིང་། ཟླ་བ་ལྔ་པ་ཚེས་ནས་ལྷ་ཆེན་ཤར་ཟུར་གྱི་གསེར་གྱི་རྒྱལ་མཚན་ཆེན་མོ་གཉིས་དང་། མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་གསེར་ཟངས་རྒྱུ་ཆས་འདོན་པར་མཛད་ངོར་གཙུག་ལག་ཆེན་མོའི་ཐོག་གི་རྒྱལ་མཚན་བཟོ་བཀོད་གཉེར་དམ་མཛད། པ་བཞིན་དེ་དག་ཏུ་ནང་གཞུག་བཅས་མཐར་ཕྱིན་བསྒྲུབས་པར་གནང་། འདི་སྐབས་རྒྱའི་ལས་སྒོ་སོགས་ལུགས་མཐུན་མ་བྱུང་བའི་རྐྱེན་བྱས་སྦིར་གཏམ་སྣ་ཚོགས་ལ་བརྟེན་པའི་གཞུང་ས་མཆོད་ཡོན་ནས་སྤྱི་སྒེར་ཚང་མར་ཁྲལ་འབེབས་དམག་དཔུང་གི་གྲབས་གཤོམ་བྱུང་བས། རྗེ་འདི་