[A:༥༤༧]གནང་།
དགུང་གྲངས་ལྔ་བཅུར་ཕེབས་པའི་ཆོ་འཕྲུལ་ཟླ་བའི་ནང་གང་གི་རྒྱལ་ཚབ་གྲུབ་རིགས་ཀུན་གྱི་གཙུག་རྒྱན་བདག་གི་དྲིན་ཆེན་རྩ་བའི་བླ་མ་དམ་པ་དཔལ་ས་སྐྱ་པ་ཆེན་པོ་རཏྣའི་མཚན་ཅན་དེ་ཉིད་སྲས་ཀྱི་ཐུ་བོ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། ཧོར་ཟླ་གསུམ་པའི་ནང་བསྟན་པ་སྤྱི་སྒེར་གྱི་སྐུ་རིམ་གསར་འཕར་ལ་དམར་ཆེན་གཏོར་ཟློག་ཅིག་གནང་། འདི་ལོ་བསམ་བརླིང་ལྷ་མོ་མཆོད་པའང་སྔར་རྒྱུན་ལས་རྒྱས་སྤྲོས་དང་། སྤྱན་གཟིགས་ཀྱང་གསར་འཕར་ལེེགས་པར་ཕུལ། ཞལ་ནས་ཀྱང་རྟེན་འབྲེལ་ལེགས་པའི་དགྱེས་གསུང་མང་དུ་གནང་། འདི་ལོ་ཡང་ངོར་མཁན་ཆེན་ཚུལ་ཁྲིམས་དཔལ་བཟང་གི་ཐུགས་འདོད་བཞིན་བཟང་ལྡན་མཁན་པོ་སོགས་དུ་མར་རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་ཞེ་གཉིས་ཀྲྀ་ཡོས་མུཙྪ་ནས་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བསྣན་པ་བཅས་དཀྱིལ་འཁོར་ཞེ་ལྔའི་དབང་བཀའ་རས་བྲིས་ཀྱི་སྒོ་ནས་གནང་བར་མཛད། དེ་སྐབས་དབང་རྫས་ཐལ་ཆེན་ཆུང་ཙམ་ཞིག་ལས་མེད་པར་ཞབས་ཕྱི་རྣམས་ཀྱིས་འདི་ལས་མི་འདུག་ཞུས་ཚེ། སྐྱོན་མེད་ཛོ་ཀིས་ཁུར་འོང་བ་ཡོད་གསུངས་པ་དེ་ནས་མི་རིང་བར་ཨ་ཙ་ར་ཞིག་གསི་ཐལ་ཆེན་སྔ་མ་ལས་ཉིས་འགྱུར་ཙམ་ཞིག་འབུལ་བ་བྱུང། དེ་སྐབས་ཨ་ཙ་ར་