[A:༥༥༡]ཞིག་དང་མང་འགྱེད་སོགས་སྩལ། གཙུག་ལག་ཁང་མཐོང་གྲོལ་གྱི་གསེར་གྱི་གཉྫི་ར་འགྱེལ་བར་ཉམས་གསོ་རྟེན་དངུལ་སྲང་ལྔ་བཅུ་སོགས་གནང་ནས་ལྷ་སྡེ་རྫོང་དཔོན་བཅས་ལ་འཕྲལ་བཟོ་དགོས་པའི་གསུང་ནན་མཛད་པ་བཞིན་དང་ལན་གྱི་ལེགས་པར་ཚུགས། དེ་ནས་རྩེ་ཆེན་ཆོས་སྡེ་། ཐེག་མཆོག་གླིང། རྐྱང་འདུར་བདེ་བ་ཅན། ཞ་ལུ། ངོར་ཨེ་ཝཾ་ཆོས་ལྡན་སོགས་སུ་ཕེབས་ཤིང་འདི་རེས་ཀྱང་སྔ་མ་དབུས་ཕེབས་སྐབས་ལྟར་མཆོད་སྦྱིན་ཆོས་བཀའ་རྒྱ་ཆེར་སྩལ་བ་རྣམས་བརྗོད་དུ་མ་ལངས་ཤིང་། དེ་ནས་རང་ཞབས་ཤབ་དགེ་སྡིངས་སུ་དུ་ཕེབས་ཏེ་ཁྲོམ་དབང་སོགས་རྗེས་འཛིན་གནང་བཞིན་པས་གདན་སར་སྔར་རྒྱུན་བཞིན་ཕེབས་ཏེ་སྲུང་མའི་གཏང་རག་སོགས་རྒྱས་པར་མཛད། ཕུར་སྒྲུབ་གྲོལ་ཕྲལ་གཞིས་བྱེས་འདུས་ཚོགས་ཆེ་བར་ཉེ་མཁོའི་སྒྲུབ་འཕྲིན་ཕྱག་བཞེས་དབང་ལུང་མན་ངག་དང་བཅས་པའི་ཆོས་འཁོར་ཡུན་རིང་དུ་བསྐོར།
བར་སྐབས་སུ་དབུས་གཙང་ཕྱོགས་མཐར་སོག་འགྲུལ་ཚན་ཆེ་བས་ལམ་བར་ཡུལ་འབྲོག་གར་ཡང་འཕྲོག་བཅོམ་གསོད་བརྡུང་སོགས་འཇིགས་ཟིང་ཡུན་རིང་བྱུང་ཚེ་རྗེ་ཉིད་ནས་རང་ཞབས་ཀུན་ལ་སྔོན་དུས་འཇམ་མགོན་ས་སྐྱ་པ་ཎྜི་ཏ། ཆོས་རྒྱལ་འཕགས་པ་རིན་པོ་ཆེ། ཐེག་ཆེན་ཀུན་དགའ་བཀྲ་ཤིས་རྣམས་རྒྱ་ནག་གོང་