[A:༥༤]དེ་དུས་ཆོས་འཆད་རྒྱུའི་ཅ་ལག་ཡང་དགའ་མོ་ཡོད་དེ། སྟབས་ཤིག་གིས། དེ་བཞིན་བྱེད་པའི་ཐབས་མ་བྱུང་བས། ཅུང་ཞིག་མ་དགྱེས་ཞེས་གསུང། དེ་དུས་ཡུམ་གྱི་ཐུགས་རྩིས་ཆེ་བས་ཐུགས་ཀྱིས་མ་བཏང་བ་དང། དཔོན་སློབ་ཆེན་མོ་ལྷུན་གྲུབ་དཔལ་བཟང་པ་སྐུ་ཡོན་འབུལ་བ་སོགས་ལུགས་གཉིས་ཀྱི་ཞབས་ཐོག་པའི་སྐུ་དབང་ཆེ་ཤོས་ཡིན་འདུག་པས། ཁོང་གི་བློ་ལའང་མེད་འདུག་པའི་སྟབས་ཀྱིས་ཐར་རྩེར་བཞུགས་པ་ཞིག་མ་བྱུང་འདུག་ཨེ་ཝཾ་དུ་ཁམས་ཕྱོགས་ནས་བླ་མ་དཔོན་སློབ་མང་པོ་ཞིག་གིས་ཡང་དག་ཧེ་རུ་ཀའི་དབང་སོགས་རྗེ་བྲང་ཏི་པ་ལ་གསོལ་བ་བཏབ་འདུག་པ་ལ། ད་ངེད་ལས་ཀྱང་རྩེ་གདོང་ཞབས་དྲུང་འདི་པ་ལ་ཐུགས་འདྲིས་ཆེ་བ་ཡོད་ཅིང། ངེད་ཀྱིས་གསུང་ཆོས་གང་ཡོད་ཕུལ་བ་ཡིན་པས། རྩེ་གདོང་དུ་ཞུས་གསུངས་འདིར་བརྫོང་བ་གནང་བྱུང་བས། ཁོང་ཚོས་བློ་ལ་གང་ཡོད་ཀྱི་ཆོས་རྣམས་བྱས་པས། ཐུགས་དགྱེས་པ་བྱུང་འདུག་ཅེས་གསུངས། དེ་ལྟར་རྗེ་བཙུན་ཆོས་ཀྱི་རྗེ་ནམ་མཁའ་དཔལ་བཟང་པ་དེ་ཉིད་ཞལ་བཞུགས་པའི་སྐབས་རྣམས་སུ་ཞབས་ཐོག་བསྙེན་བཀུར་ཕུལ་དུ་བྱུང་བས་མཆོད་ཅིང། སྟག་ལོ་སྐུ་ཞབས་ཐོག་བསྙེན་བཀུར་ཕུལ་དུ་བྱུང་བས་མཆོད་ཅིང། སྟག་ལོ་སྐུ་གཤེགས་པ་ན་ཕྱིས་སྤྲེལ་ལོའི་བར་ལོ་བཅུ་དགུའི་བར་དུས་ཆེན་སྟེང། ཨེ་ཝཾ་ཚོགས་ཆེན་དུ་མང་ཇ་རེ་ཆག་མེད་དུ་གནང་ཞིང། ཕལ་ཆེར་ལ་འགྱེད་དང་རྒྱབ་ཆས་གནང་བར་མཛད་པ་