R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༥
[A:༥༥]དང། དེ་ནས་ཀྱང་དུས་སྐབས་ལ་དགོངས་པ་རྫོགས་ཐབས་ཀྱི་མང་ཇ་སོགས་གནང་བ་དང། རྗེ་དེ་ཉིད་ཀྱི་བྲིས་སྐུ་དང་འབུར་སྐུ་དུ་མ་བཞེངས་པ་དང། རྗེ་དེའི་སྐུ་འདྲ་གང་ན་འདུག་ཀྱང་དབུ་གཏུགས་ནས་བྱིན་རླབས་ཞུ་བར་མཛད་པ་དང། ཚོགས་སུ་རྗེའི་སྐུ་བསྟོད་ཐུགས་རྗེས་ནམ་ཡང་མ་འདོན་པའི་སྐབས། ན་བཟའི་སྦུགས་སུ་ཕྱག་ཐལ་མོ་སྦྱོར་བར་མཛད་པ་དང། དུས་འགོལ་བའི་ཚེ། རྗེ་དེ་ཉིད་ཀྱི་མཛད་སྤྱོད་དང་ཡོན་ཏན་གྱི་ཆ་རྣམས་དགེས་བཞིན་དུ་གསུང་འཕྲོས་མཛད་པ་སོགས་ཐུགས་དད་གུས་བསམ་གྱིས་མི་ཁྱབ་པའི་སྒོ་ནས། ཐུགས་དམ་དང་འཆད་ཉན་གང་མཛད་ཀྱང། རྗེ་འདི་ཉིད་ཀྱི་ཕྱག་བཞེས་ཇི་ལྟ་བ་བཞིན་མཛད་ཅིང། ཕྱག་མཛོད་ཀུན་ལེགས་པས་བཀའ་ལུང་གནང་དགོས་ཀྱི་འཕྲོས་ཚུལ་ཞུས་པའི་སྐབས་ཤིག་རིན་པོ་ཆེ་པཎ་ཆེན་གྱིས། མི་གཞན་གྱི་ནོར་དེ་ང་ལ་དགོས་ཟེར་ནས་བླངས་ན་སྡོམ་པ་འཆོར་བ་ཡིན་གསུང་བྱུང་ཞེས་བཀའ་སྩལ་འདུག་པ་སོགས། བླ་མ་དམ་པ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་རྣམ་ཐར་གྱི་རྗེས་སུ་སློབ་པར་མཛད་པ་ཞིག་སྣང་ངོ། ། ཡང་རྗེ་འདི་དགུང་ལོ་ལྔ་པ་ཤིང་མོ་ཕག་ལོའི་དབྱར། རྗེ་དཀོན་མཆོག་དཔལ་ལྡན་རྩེ་གདོང་དུ་གདན་དྲངས་ནས་ཡབ་