[A:༥༥༣]སྤུར་སྦྱངས་རུས་པར་རྗེ་ཉིད་གཙོ་བོར་གྱུར་པའི་དཔོན་སློབ་རྣམས་ཀྱི་ཕྱག་ཚ་གནང་སྟེ་རྡོ་རྗེ་མི་འཁྲུགས་པའི་སྐུ་བརྙན་བཞེངས་པའི་ནང་དུ་གཟུངས་བཞུགས་བྱིན་རྟེན་དཔག་ཏུ་མེད་པ་དང་ལྷན་ཅིག་བཞུགས་སུ་གསོལ་ནས་རབ་གནས་སྨིན་རྒྱས་བཅས་མཛད།
གཞན་ཡང་གཙུག་ལག་ཁང་མཐོང་བ་དོན་ལྡན་གསར་བཞེངས་ཀྱི་རྟེན་གཙོ་གསེར་ཟངས་ཀྱི་ཀུན་རིག་རྩ་ལྷ་སོ་བདུན། བཟོ་ཕུད་དུ་རིན་ཆེན་འབྱུང་ལྡན་རྗེ་ཉིད་ཀྱི་སྐུ་བརྙན་རྣམས་ཀྱི་སྐུ་རྒྱུད་རགས་པ་ལ། གསེར་མགུར་ཞོ་སྟོང་ཕྲག་གཅིག་དང་བདུན་ཅུ་དོན་གཅིག ཟངས་ཁལ་བརྒྱ་དང་དགུ་བཅུ་གོ་བརྒྱད། ཕྲ་རྒྱན་གཡུ་རིགས་བརྒྱ་དང་བཞི་བཅུ། བཞེངས་ཡོན་དངུལ་སྲང་བཞི་བརྒྱ་བཞི་བཅུ་ཞེ་བདུན་སོགས་གཏོས་ཆེའི་སྒོ་ནས་བསྒྲུབས་ཏེ་གཟུངས་འབུལ་བྱིན་རྟེན་བརྗོད་ཀྱིས་མི་ལང་པ་དང་། གཞན་ཡང་གཙུག་ལག་ཁང་དེར་ལོགས་བྲིས་གནམ་རྒྱན་ས་རྒྱན་མཆོད་རྫས་དཔག་ཏུ་མེད་པ་བཅས་རབ་ཏུ་གནས་པ་སྨིན་རྒྱས་གནང་སོགས་མཛོད་པ་དེ་ཉིད་ལ་ཐུགས་བརྩེ་བ་ཚད་མེད་པས་བསགས་སྦྱང་གི་རིམ་པ་བརྗོད་ཀྱིས་མི་ལངས་པ་གནང་། སྐབས་འདིར་ཉང་སྟོད་ཕྱོགས་ནས་ཡིན་ཟེར་བའི་བན་དེ་ཞིག་གི་ཐུབ་དབང་གི་འཕེལ་གདུང་འཕེལ་ཆེ་བ་ངེས་འདྲོངས་ཤིག་ཀྱང་འབུལ་མི་བྱུང་། འདི་ལོའི་གཞུག་དང་དགུང་གྲངས་ང་བཞི་