[A:༥༥༤]པ་སྔ་ཕྱིར། རྒྱ་ཡུལ་ནས་བླ་མ་ངག་དབང་རིག་འཛིན་དང་། ནོར་འཛིན་རྒྱ་མཚོ་དཔོན་གཡོག་རྣམས་འབུལ་བ་དང་མཇལ་དང་གུ་ཤྲི་བློ་བཟང་ནོར་བུས་ཞུ་ཡིག་རྟེན་འབུལ་བ་རྒྱ་ཆེན། ཁལ་ཁ་རྗེ་བཙུན་དམ་པའི་མི་སྣ་སོགས་རྒྱ་སོག་གི་ཡུལ་ནས་འབུལ་མཇལ་མང་དུ་འབྱོར་བར་ལུགས་གཉིས་ཀྱི་རྗེས་འཛིན་གནང་། རེ་ཞིག་ནས་སེམས་རྒྱུད་བདུད་ཀྱིས་དཀྲུགས་པ་འགའ་ཞིག་གིས་བྱང་ཕྱོགས་ཀྱི་རྒྱལ་པོ་རྒྱལ་ཕྲན་བཅས་ལ། གདན་ས་ནས་མཐུ་བྱད་བཏང་ཡོད་ཟེར་བའི་དབྱེན་སེལ་བྱུང་བར་རྟེན། རྒྱ་ནག་གོང་མའི་འཕྲིན་ལས་པ་བཞི་བཅུ་སྐོར་ཞིག་དོགས་སེལ་ལ་བྱོན་པར་རྗེ་འདི་ཉིད་མཇལ་མ་ཐག་ནས་གུས་འདུད་ཞུས་ཤིང་། རྗེ་ཉིད་ནས་གདན་ས་འདི་ཉིད་བསྟན་འགྲོ་ཡོངས་ཀྱི་ཕན་བདེའི་གཞི་རྟེན་ཡིན་པའང་ཆོས་ཀྱི་ཆེ་བ་རྗེ་བཙུན་དཀར་པོ་རྣམ་གསུམ་ནས་བཟུང་གྲུབ་མཐའ་རྣམ་པར་དག་པའི་བསྟན་པའི་ཆུ་འགོ་ལྟ་བུ་དང་། སྲིད་ཀྱི་ཆེ་བ་ཆོས་རྗེ་ཁུ་དབོན་ནས་བོད་ཆོལ་ཁ་གསུམ་གྱི་བདག་པོ་ཡིན་ཚུལ། མཛད་འཕྲིན་གྱི་ཆེ་བ་ལུས་ཅན་ཕན་བདེ་སྤྱི་སྙོམས་རྒྱལ་བའི་མཛད་པ་མ་གཏོགས་རིགས་བཅད་མེད་པ་གདན་ས་འདི་ཉིད་ཀྱི་ཆེ་བའི་ཁྱད་པར་ཡིན་ཚུལ་སྐབས་བསྟུན་གསུང་གནང་མཛད་པས། ཁོང་ཚོས་ཀྱང་ཕྲག་དོག་གི་རྒྱུད་དཀྲུགས་པའི་ཅལ་སྒྲོག་ཡིན་པར་ངེས་ཤེས་ཀྱི་དད་གུས་ལྷུར་ལེན་གོང་མའི་བཀའ་