[A:༥༥༥]ཁྲིམས་རེས་བོར་མེད་པར་ཞུས དེ་ལོ་ཧོར་ཟླ་བསུམ་པའི་ནང་རིགས་སྲས་འཇམ་པའི་དབྱངས་སྐུ་མཆེད་ཀྱིས་གཙོས་པའི་སྐལ་ལྡན་འགའ་ལ་གསུང་ངག་རིན་པོ་ཆེ་ཚོགས་སློབ་ཟུང་འབྲེལ་རྒྱབ་རྟེན་ཆ་ལག་བཅས་རྒྱལ་པར་སྩལ། མགོན་ཁང་བདུད་ལས་རྣམ་རྒྱལ་དུ་བཞུགས་པའི་གུར་མགོན་ལྕམ་དྲལ་སྟོབས་འཕྲོག་དབང་པོ་བཅས་ཀྱི་འཆམ་སྐུ་ཆེན་མོ་འདི་རྣམས་ལ་གཟུངས་འབུལ་གྱི་ཕྱག་ལེན་སྤྱི་འགྲོ་དང་། ཁྱད་པར་བའི་རིགས་ཚང་མ་ཆོས་སྲུང་བྲན་དུ་འཁོལ་བའི་བླ་མ་གོང་མ་རྣམས་ཀྱི་སྐུ་བལ་སོགས་བྱིན་རྟེན་དུ་མ་བཞུགས་པར་རབ་ཏུ་གནས་པ་སྨིན་རྒྱས་ཀྱི་སྒོ་ནས་གུར་ལྕམ་དྲལ་གཉན་མགོན་བཅས་མངོན་སུམ་ལྟ་བུར་བྱིན་གྱིས་བརླབས་ནས་སྲུང་མ་དེ་གསུམ་གྱིས་རྟེན་མདོས་ཤིག་ཀྱང་ཕྱག་བལྟར་བསྒྲུབ་པར་གནང་། འདི་སྐབས་གདན་ས་ཆེན་པོའི་ཉེ་ཕྱོགས་ན་ལོག་ལྟ་ཅན་གྱི་སྐྱེ་བོ་མི་སྲུན་པ་ཞིག་ཡོད་པའང་ཕ་བུ་བཞི་ཀ་དུས་གཅིག་ལ་སྨྱོ་འབོག་གི་ནད་ཀྱིས་ཟིན་ཏེ་གདན་ས་འདི་ཉིད་ཀྱི་ཆོས་སྲུང་གི་བཀའ་ཆད་ཡིན་པའི་གཏམ་ལབ་བཅས་ཕ་རོལ་གྱི་ལྟད་མོར་རིངས་པར་སོང་བ་སོགས་མངོན་སྤྱོད་ཀྱི་དགེ་ལྟས་ཕུན་སུམ་ཚོགས་པའང་བྱུང་།
དགུང་གྲངས་ང་ལྔ་པར་ངོར་ཀླུ་སྡིངས་ཞབས་དྲུང་དཔོན་གཡོག་འབུལ་ཆེན་བཅས་ཆོས་ཀྱི་བདུད་རྩི་ཞུ་བར་བྱོན་པ། ཀྱཻ་