[A:༥༥༨]རྫས་རིལ་སྒྲུབ་མཐར་ཕྱིན་བཏང་རག་བཅས་གནང་།
འདི་ལོ་ལྷ་མོ་མཆོད་པའི་སྤྱན་གཟིགས་གསར་འབུལ་མང་བ་དང་། ཁྱད་པར་མངོན་རྟོགས་དང་མཐུན་པའི་དྲེའུའི་སྒ་ཆས་མི་མགོོའི་གཟུགས་ཀྱི་སྒ་རུ། ནད་རྐྱལ། བྱང་ཁྲེས། ཤོ་རྡོ། ཚོན་དྲུ། ཁྲམ་ཤིང་། གཡང་གཞི། སྦྲུལ་གྱི་གོང་སྨད་སོགས་བཟོ་བཀོད་ལེགས་པ་དང་། ཉི་ཟླ་རྨ་བྱའི་གདུགས་སོགས་ཞལ་བཀོད་མཛད། ཟླ་བ་ལྔ་པའི་གཞུག་ནས་རིགས་སྲས་འཇམ་པའི་དབྱངས་ལ་གསུང་ཆོས་ཀྱི་འཕྲོ་མང་ཞིག་རྒྱུན་རིང་པོའི་བར་གནང་། གློ་བོ་རྒྱལ་པོའི་སྲས་ཞིག་རབ་བྱུང་གསན་འདོད་ཀྱི་མཁན་པོ་ཞུས་པར་ཆོས་ལས་པ་དབང་ཕྱུག་ཆོས་བཤད་རྫོང་བདའ་གནང་། མངའ་ཞབས་སུ་དངོས་སྤྱད་བསམ་གྱིས་མི་ཁྱབ་པའི་སྦྱིན་གཏོང་རྒྱ་ཆེན་དང་། ཆོས་འཁོར་རྒྱུན་རིང་བསྐོར་བ་མཛད་མུར་ཕྱག་ཞབས་ལ་བསྙུན་ཞིག་བྱུང་བར་རང་གཞན་ཕྱོགས་མཐར་ཞབས་བརྟན་སྐུ་རིམ་བསམ་གྱིས་མི་ཁྱབ་ཞིག་བསྒྲུབས། གྲུབ་ཐོབ་ཐང་སྟོང་པའི་དབོན་བརྒྱུད་གྲ་ཐང་མཁན་ཆེན་ངག་དབང་བསྟན་འཛིན་ཕུན་ཚོགས་བཀའ་ཆོས་ཞུ་བར་ཕེབས་པར་ཁོང་རིགས་ཆོས་གཉིས་ཀའི་བརྒྱུད་པ་ཁྱད་པར་ཅན་དུ་འདུག་གཤིས་རྐྱེན་སེལ་གྲུབ་ཐོབ་ཚེ་དབང་བརྒྱ་རྩ་ཞིག་གསན་པས་དེ་རས་ཀྱི་སྐུ་ཁམས་དང་སྐྱེད་བྱུང་། མགོན་པོ་མངའ་གསོལ་གྱི་ཐུགས་དམ་བསྐང་བའི་རྟེན་དུ་