R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༥༩
[A:༥༥༩]གཙོ་ཐང་ཀྱཻ་རྡོ་རྗེ་ལ་མགོན་པོ་གུར་ཞལ་ལྕམ་དྲལ་འཁོར་བཅས་ནོར་ལྷ་སོགས་ཞལ་ཐང་ཁྱད་འཕགས་བདུན་གྱི་གཙོས། གཞན་ཡང་ཙན་དན་དམར་པོ་ལས་སློབ་དཔོན་མཚན་བརྒྱད་ཁྲུ་ཚད་ཞེ་འགྲོ་དང་། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ལྷ་གྲངས་རྣམས་གཟུངས་འབུལ་ཚད་ལྡན་རབ་གནས་སྨིན་རྒྱས་བཅས་གནང་མུར་ལྷོ་བོད་ཟིང་བུན་འདུམ་ལ་སྐུ་དོག་སྟབས་རྗེ་ཉིད་ཕེབས་མ་ཐུབ་པར་འཆིང་འདོམས་སུ་མཛོད་པ་རྫོང་གནང་མཛད། སྐུ་ཉིད་བདེ་མཆོག་ཕོ་བྲང་དུ་གར་དབང་ཚེ་དཔག་མེད་ཀྱི་ལྗགས་བསྙེན་ཐེམ་པར་གནང་། ངོར་ཐར་རྩེ་དབོན་པོ་དཔོན་གཡོག་རྣམས་བྱོན་པར་ཕྱག་རྡོར་ཨུ་ཙརྨའི་རྗེས་གནང་ཞིག་གནང་རྗེས་དེང་སྐབས་ངེད་ལ་དངོས་པོ་ཞིག་འབུལ་མི་ཡོང་བ་ཡོད་དོ་གསུངས་པ་དང་། མ་འགྱང་བར་ལ་སྟོད་དིང་རིའི་ཕྱོགས་ནས་བན་དེ་ཞིག་གིས་གནམ་ལྕགསཀྱི་རྡོ་རྗེ་རྩེ་ལྔ་པ་ངོ་མཚར་ཅན་ཞིག་ཕུལ་བས། ཁ་སང་དངོས་པོ་ཞིག་ཡོང་བ་ཡོད་བྱས་པ་འདི་ཡིན་གསུངས་ནས་དགྱེས་ཚོར་ཆེན་པོ་གནང། དགུང་གྲངས་ང་དྲུག་པ་ལྕགས་ཡོས་ལོར་རིགས་སྲས་འཇམ་པའི་དབྱངས་གཙོ་བོར་གྱུར་པའི་སྣོད་ལྡན་དམིགས་བཏུས་ལ་བདེ་མཆོག་ལཱུ་ནག་དྲིལ་གསུམ་གྱི་ཆོས་སྐོར་ཡོངས་རྫོགས་ཀྱི་གཙོས་པའི་དབང་ལུང་བསམ་གྱིས་མི་ཁྱབ་པ་ཞིག་སྩལ་ལོ། །དེ་ལྟར་