[A:༥༦༡]མ་མཎྜལ་བཞི་པ། ཐུགས་དམ་བསྐང་གསོ། ནེ་གུ་ཆོས་དྲུག སེང་གདོང་བསྒོམ་བཟླས། ནང་གི་བྲག་རྫོང་མ་སོགས་རྒྱུན་གྱི་ཉམས་བཞེས་རྣམས་དང་། གཞན་ཡང་བར་སྐབས་རྣམས་སུ་ལྷག་པའི་ལྷ་དུ་མ་ཞིག་གི་ཉམས་བཞེས་སྐབས་བབས་གནང་བ་ནི་བརྗོད་དུ་མི་ལངས་པས་ཀུན་རྫོབ་སྣང་བ་དཀྱིལ་འཁོར་གྱི་བདག་པོའི་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་དང་ནམ་ཡང་འབྲལ་བ་མེད་པའི་མཐུས་བཟུང་འཛིན་སྤྲོས་པའི་ཆོས་ཀུན་དག་པ་ཡེ་ཤེས་ཀྱི་འཁོར་ལོར་ཤར་བའི་ལྐོག་གྱུར་རྗེན་པར་འཆར་བ་སོགས་གྲུབ་པའི་སྣང་ཚུལ་ཅི་རིགས་པར་བསྟན་པ་ལས་ཕྱོགས་ཙམ་གོང་དུ་སྨོས་པ་རྣམས་ཀྱིས་མཚོན་པ་དང་། བསྟན་འགྲོར་དགེ་བའི་ལྗགས་རྩོམ་གྱི་རིམ་པར་ཡང་འཇམ་མགོན་ཀུན་དགའ་བསོད་ནམས་ལ་གསོལ་འདེབས་དོན་གཉིས་ལྷུན་གྲུབ། ཡབ་རྗེ་རིན་པོ་ཆེ་ལ་གསོལ་འདེབས་དངོས་གྲུབ་འབྱུང་བ་སོགས་གསོལ་འདེབས་ཀྱི་རིགས་དུ་མ་དང་། ཡབ་རྗེ་རིན་པོ་ཆེའི་རྣམ་ཐར་བྱིན་རླབས་མེ་ཏོག་ཆར་འབེབས། ཆག་མེད་བཞིའི་ཉམས་ལེན་བྱ་ཚུལ། སྲུང་འཁོར་བྲག་རྫོང་མའི་སྒྲུབ་ཐབས་བཀླགས་ཆོག་ཡིད་བཞིན་ནོར་བུ།
བསྟན་པ་གསོ་ཆོག སྒྲོལ་མ་མཎྜལ་བཞི་པའི་ཆོག ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་བསམ་འཕེལ་དོན་གྲུབ་སོགས་ཚེ་སྒྲུབ་སྐོར་མང་བ། འཇམ་དཀར་སྒྲུབ་ཐབས། རྡོ་རྗེ་གཞོན་ནུའི་