[A:༥༦༤]པར་མ་གནང་བ་ནས། ཕྱིར་ཉིན་དེར་སྐུ་གདུང་རིན་པོ་ཆེ་ལ་རྡོ་རྗེ་འཛིན་པ་དུ་མས་ལམ་ཟབ་བླ་མའི་རྣལ་འབྱོར་དང་རྗེས་སུ་མཐུན་པར་མཆོད་འབུལ་བསམ་གྱིས་མི་ཁྱབ་པ་ཞུས་ཤིང་། ཉེར་གཅིག་ཉིན་དྲི་བཟང་པོའི་ཤིང་གི་ཟ་མ་ཏོག་ཏུ་སྐུ་གདུང་རིན་པོ་ཆེ་ཆས་གཞུག་ཕྱག་ལེན་རྣམ་པར་དག་པའི་ལུགས་སུ་གསོལ་ནས་གཟིམ་ཆུང་ཀ་བཞི་མར་མཆོད་སྤྲིན་གྱི་དབུས་སུ་སྤྱན་དྲངས་ཏེ་བཞུགས་སུ་གསོལ་ནས་ཆོས་སྡེ་ལྷོ་བྱང་གི་རྡོ་རྗེ་འཛིན་པ་བསྙེན་སོང་རགས་བསྡུས་ཀྱི་མཆོད་འབུལ་རྒྱུན་མི་ཆད་པ་དང་། གཙུག་ལག་ཁང་རྣམས་སུ་སྙན་ཤལ་གསེར་ཆབ་དཀར་མེ་རྒྱ་ཆེན་པོ་དང་། འདུས་ཚོགས་ཤིན་ཏུ་མང་བར་མང་ཇ་དངོས་འགྱེད་བློས་མི་འཁྱུད་བ་བཅས་བསྒྲུབ་ཅིང་། དེ་མཚམས་སྐུ་གདུང་རིན་པོ་ཆེ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་པའི་ཞུགས་སྦྱོང་ཕུལ་བར། གདུང་ལ་ཞུགས་རང་བཞེས་ལྟ་བུས་ཡུད་ཀྱིས་ཞུ་ཞིང་། སྤུར་ཁང་འཇའ་དཀར་པོས་བསྐོར་བ་དང་། མེ་ལྕེ་ཡང་རྩ་བ་པད་འདབ་ལརྩེ་མོ་བཀྲ་ཤིས་རྟགས་ཀྱི་རྣམ་པ་སོགས་སུ་འབར་བ་དང་ནམ་མཁའ་ལ་འཇའ་ཚོན་གྱི་བླ་བྲེ་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང་།
གདུང་ཁང་ལ་ཞག་གསུམ་རྒྱས་བཏབ་པའི་རིང་གདུང་ཁང་གི་ཤར་ལྷོའི་ཕྱོགས་དེར་མེ་ལྕེ་འཛུབ་མོ་ཙམ་ཉུག་ཉུག་པ་ཞིག་རྒྱུན་