[A:༥༦༥]དུ་བསྡད་ཐར་ཁག་གསུམ་གྱི་མཚན་མོ་གདུང་ཁང་ནས་དུ་བའི་རྣམ་པ་ཆེར་ཐོན་པ་ནི་མི་མ་ཡིན་རྣམས་ཀྱིས་གདུང་སྐལ་མཆོད་པའི་རྟེན་དུ་གདན་དྲངས་ཚོད་དུ་འདུག་ཅིང་། དེ་མཚམས་གདུང་ཁང་ཞལ་ཕྱེ་བས། དབུ་ཐོད་རིལ་པོར་བྱོན་པ་དང་། རང་བྱོན་རིགས་ཀྱང་དུ་མ་བཞུགས་པ་གདུང་རུས་རྣམས་སོ་སོར་ཞིབ་པར་བསལ་ཏེ་མཆོད་སྤྲིན་གྱིས་དབུས་སུ་བཞུགས།
དགོངས་རྫོགས་དངོས་གཞི་གུང་ཚིགས་གསུམ་པའི་ཐོག། ཆོས་སྡེ་ལྷོ་བྱང་གིས་གཙོས་རང་ཞབས་ཉེ་སྐོར་དགོན་སྡེ་བཅུ་གསུམ་ཙམ་ཀྱི་འདུས་ཚོགས་ཞལ་གྲངས་ཁྲི་ཕྲག་ཉེ་བར་ཉིན་བདུན་ལ་སྔ་དྲོ་འབྲས་འཇམ་དང་མང་ཇ་བཞི་རིའི་ཐོག། འབྲུ་འགྱེད། དངུལ་འགྱེད། ཇ་དར་གོས་སྣམ། གོ་ཁྲབ། ཐབས་སྤྱད་སོགས་རྒྱ་དཔངས་ཆེ་བ་ཁོ་ན་དང་། ཐང་སྟོན་ཆེན་མོར་སྔར་གྱི་སྟེང་དུ་གསེར་སྐྱ་བགྲང་བར་དཀའ་བ་ལ་སྔར་རྒྱུན་གྱི་མཆོད་སྦྱིན་དཔག་ཏུ་མེད་པ་རྣམས་བསྒྲུབས། གཞན་ཡང་རྒྱལ་དབང་རིན་པོ་ཆེས་དབུ་མཛད་འདྲེེན་མཆོག་རྣམས་ལ་མཆོད་བསྔོ་རྟེན་དང་། དབུས་གཙང་གི་ཆོས་སྡེ་རིས་མེད་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་ཕུལ། སྐུ་གདུང་རིན་པོ་ཆེ་མཆོད་པའི་ཆ་རྐྱེན་དུ་གཞུང་ས་མཆོད་ཡོན་ནས་ཁ་ཊ་མཐིང་ཁྲ་དྲུག་གིས་སྣ་དྲངས། རལ་གྲི་དྲུག་གིས་མཐའ་བརྟེན་པའི་བརྒྱད་ཚན་གཏོས་ཆེ་བ་དྲུག་སོགས་ཕྱོགས་