R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༦༩
[A:༥༦༩]མ་ཤར་བ་བཞིན་ལྕམ་སྣེའུ་གདོང་མ་བཀྲ་ཤིས་དབང་མོ་དང་བཅས་བྱས་འགྱུར་སྒྲུབ་སྡེར་མེ་སྟག་རྟ་ཟླའི་བཅོ་ལྔ་ནས་བཟུང་རྒྱང་ཙམ་འབྲུམ་ཡོལ་ལ་བཞུགས་སྐབས་མཚན་སྟས་སུ་ཡབ་རྗེ་དེ་ཉིད་རེ་ཞིག་བྱས་འགྱུར་དུ་བཞུགས་རྒྱུ་ལྟ་བུས་དགེས་སྤྲོ་ཆེན་པོ་མཛད་པ་ཞིག་གསལ་བ་དང་། དེ་སྐབས་ཀ་སྤེ་ཆོས་རྗེ་ངག་དབང་བསྟན་པ་རབ་རྒྱས་ཀྱི་མནལ་ལྟས་སུའང་འཇམ་དབྱངས་བསོད་ནམས་དབང་ཕྱུག་ཤིན་ཏུ་གསལ་བར་གང་ནས་ཕེབས། གང་དུ་ཕེབས་རྒྱུ་ཡིན་ཞུ་བར་མཛད་པའི་ལན་དུ་སྔར་འདི་ཕྱོགས་སུ་བསྡད་ད་བྱས་འགྱུར་ལ་འགྲོ། དེ་ནས་འདི་ལ་རག་ལས་གསུངས་ཏེ་ཕྱག་དཔུང་གཡས་ལ་སྐུད་པ་ཞིག་བཏགས་པར་ཕྱག་འཛུབ་བཙུགས་པའི་མནལ་ལྟས་ཤར་བ་སོགས་གྲུབ་དབང་དེ་ཉིད་ཀྱི་སྤྲུལ་སྐུ་ཕེབས་པའི་མཚན་མ་ཤར་ཞིང་བྱས་འགྱུར་དུ་བཞུགས་རིང་ད་ལྟའི་སྒྲུབ་ཆུ་ཁྱད་པར་ཅན་འདི་གསར་འདོན་གནང་སྐབས། ཞབས་ཕྱི་རྣམས་ནས་གང་ཡིན་དོགས་གཅོད་ཞུས་པར་མཆིལ་མ་ཞིག་སྐྱུར་ཤུལ་དུ་བྱུང་བ་ཡིན་ནམ་གང་ལྟར་དེར་དར་ཅོག་ཞིག་བཙུགས་ན་ལེགས་ཕེབས་ཀྱང་། སྤྱི་སྒེར་བསྟན་འགྲོའི་གེགས་དབང་གི་ཟོམ་ལུས་སུ་གྱུར་པས་ཆུ་འབབས་རྒྱུ་མ་བྱུང་བར་འཁྱག་པ་ཙམ་ལུས་པ་ནི། ལྕམ་བཀྲ་ཤིས་དབང་མོར་གདུང་ཕེབས་བཞེད་གེགས་དབང་རྟེན་འབྲེལ་གྱི་ཕེབས་མ་ཐུབ་ཀྱང་མ་འོང་པ་ན་རྒྱུན་མ་ཆད་ཙམ་