R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༦༨
[A:༥༦༨]༄༅ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན། ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་མངའ་བདག་རྒྱལ་སྲས་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཉིད་ཀྱི་སྲས་བདག་གི་དྲིན་ཆེན་རྩ་བའི་བླ་མ་དམ་པ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བདུད་ཀྱི་སྟོབས་འཕྲོག་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གྱི་དགེ་ལེགས་སྲིད་ཞིའི་གདུང་སེལ་དུ་འཕྲོ་པ་དེ་ཉིད་ནི། ཡབ་རྗེ་མངྒའི་མཚན་ཅན་དེ་ཉིད་དགུང་ལོ་སུམ་བཅུ་པ་ཤིང་གླང་ཁྲུམ་ཟླའི་ནང་ཡབ་རྗེ་འཇམ་དབྱངས་བསོད་ནམས་དབང་ཕྱུག་གཤེགས་ནས་རིང་པོར་མ་ལོན་པར་མནལ་ལྟས་སུ་ཡབ་རྗེ་དམ་པ་བསོད་ནམས་དབང་ཕྱུག་དེ་ཉིད་བྱོན་ནས་ལུང་བསྟན་མཐའ་ཡས་བསྩལ་བ་ཞིག་ཤར་བའི་ཚེ་རྗེ་དེ་ཉིད་ཀྱི་གསོལ་འདེབས་ཞལ་གསུང་མ། རྒྱལ་བ་གཉིས་པ་ཤོ་ལོ་ཀ་གཅིག་སྔོན་འགྲོའི་རིགས་བརྒྱའི་ཁྱབ་བདག་སོགས་ཤོ་ལོ་ཀ་དྲུག་གསུང་རྩོམ་གྱི་གདུང་ཤུགས་དྲག་པོ་མཛད་པའི་མཐུ་དང་། གྲུབ་དབང་དེ་ཉིད་ཀྱིས་ཐུགས་བསྐྱེད་རྨད་དུ་བྱུང་བ་བཅས་གདུང་སྲས་སུ་འབྱོན་ངེས་པའི་མཚན་