[A:༥༧༡]ངེད་རང་ཚོ་ས་སྐྱ་པའི་གདུང་ཕེབས་པར་ཤིན་ཏུ་དུང་བ་དང་། བསླབ་དོན་ཕེབས་ཕྱིན་བཀའ་དང་བླང་ཞུ་བ་གཞིར་བཅས་ཞུས་ནས། སྐུ་ཚབ་ཕྱིར་སློག་དང་ལན་འདེབས་ཕུལ་བས་ཞག་ཤས་ནས་ས་སྐྱ་ཕྱག་མཛོད་རྒྱུན་གྱི་དབང་པོར་ཕེབས། བཞུགས་ས་སྒྲུབ་སྡེར་མཛད། ཉིན་རེ་བཞིན་བླ་བྲང་དུ་ཕེབས་ནས་གསུང་གླེང་ཞིབ་རྒྱས་དང་། ནང་མཇལ་སོགས་ཞིབ་པར་མཛད། གཞིས་ལེན་རྒྱས་པ་ཞུས། ངེད་ཀྱིས་གཞིས་སུ་ཕྱིན། ཕྱི་ཉིན་ཕྱག་མཛོད་དཔོན་གཡོག་ཕེབས་བསུར་གཞིས་ཁར་ཕེབས། གཞིས་ལེན་དང་ཚན་གྲངས་རྒྱས་པར་གནང་། མ་ནས་ལྕམ་འདི་དཀྱུས་མ་ཞིག་མིན་འདུག་པས། མགོན་པོ་མཇལ་བ་ན་སྙན་དར་བབས་པ་ཞལ་ཁེབས་མ་གསལ་བ་ཕྱེ་བ་སོགས་ལོ་ཕྱི་ནང་དུ་ལྟས་ཡ་མཚན་པ་བྱུང་འདུག་ཅིང་། ངེད་རང་ལ་ཡང་རྨི་ལྟས་སུ་ཉི་མ་ཤར་བ། དར་པོ་ཆེ་བཙུགས་པ། ཆུ་བོ་འབབས་པ་སོགས་ལེགས་པ་བྱུང་། གཟའ་ཚེས་ལེགས་པར་གཞིས་ནས་གདན་སར་སྐྱ་སེར་དུ་མ་དང་བཅས་རྫོང་བདའ་ཞུས། ཞེས་གསུངས་པ་བཞིན་མ་འོང་བ་ན་བདག་ཅག་གི་རྣམ་འདྲེན་དམ་པ་དེ་ཉིད་ཕེབས་པའི་དགེ་མཚན་གསལ་ཡང་ཐོག་མར་གདུང་སྲས་གཉིས་བྱོན་པ་མ་བཞུགས་པས་དུས་ངན་ཅི་འདྲ་ཞིག་མཐོང་འོང་ངམ་ཞེས་སྤྱི་སྒེར་སྐྱེ་འགྲོ་རྣམས་སྨྲེ་སྔགས་སྒྲོག་པའི་ཚེ་ལྷ་བླ་མ་མོ་རྩིས་སོགས་ཀྱི་