R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༧༢
[A:༥༧༢]ལུང་བབས་སྐུ་རིམ་རྣམས་རྒྱ་ཆེ་རྒྱུན་འཁྱོངས་སུ་མཛད་པའི་བྱིིན་རླབས་དང་། ཁྱད་པར་བསྐལ་བཟང་སངས་རྒྱས་རྣམས་ཀྱི་ནང་ནས་བདག་ཅག་གི་སྟོན་པ་དམུ་རྒོད་འགྲོ་ལ་རྗེས་སུ་བརྩེ་བ་ལྟར། དམ་པ་དེ་ཉིད་ནས་ལྔ་བདོའི་མཐར་ཐུག་འདི་ཀ་གདུལ་བྱའི་ཞིང་དུ་གཟིགས་ཏེ། སྔར་གྱི་མཚན་ལྟས་བཞིན་གྲུབ་དབང་ཨཱི་ཤཱ་རའི་མཚན་ཅན་དེ་ཉིད་སླར་ཡང་དཔལ་ས་སྐྱའི་གདུང་དུ་བསམ་བཞིན་སྲིད་པ་འཛིན་པར་བཞེད་དེ་སྔགས་འཆང་དམ་པའི་མཚན་ཅན་དགུང་གྲངས་བཞི་བཅུར་ཕེབས་སྐབས་ལྷོ་རོང་དུ་ཟིང་བུན་གྱི་འཇུག་ཕག་ཙན་མི་རྟ་སྤྲོད་བཞེས་ལ་ཟླ་བ་ཕྱེད་གཉིས་ཙམ་བཞུགས་མགོར་དུས་ལན་གཅིག་མནལ་ལྟས་སུ་ཡབ་རྗེ་བསོད་ནམས་དབང་ཕྱུག་གི་ཕྱག་ནས་ནོར་བུ་ཁ་དོག་སྣ་ཚོགས་པ་རྗེ་ཉིད་ལ་གནང་སྟེ་དགྱེས་ཉམས་ཀྱི་གསུངས་ལས། ངེད་ཀྱིི་རྣམ་ཐར་དེ་ཤིན་ཏུ་ལེགས་པོ་བྱུང་འདུག་ངོ་མཚར་ཆེ་བའི་ནང་ནས་རྒྱལ་མཚན་འཛུགས་ཆོག་དེ་ངོ་མཚར་ཆེ་བ་ཡོད་གསུངས་པ་ཞིག་ཤར་བ་དང་། ཡང་ཞེ་བཞིར་ཕེབས་པའི་ལོ་ཆུ་སྟོད་ཟླ་ནང་ཆོས་གྲ་ལྷོ་བྱང་སོགས་ལ་གསང་འདུས་དབང་གནང་སྐབས་མནལ་ལྟས་སུ་ཡབ་རྗེ་བསོད་ནམས་དབང་ཕྱུག་གིས་དེང་སང་ཞབས་དྲུང་ཅི་མཛད་ཀྱིན་ཡོད་གསུངས་པར་བདག་དེང་གསང་འདུས་ཀྱི་དབང་བྱེད་སྐབས་ལགས་གསུངས་པས། དེ་ཤིན་ཏུ་ལེགས་འོན་ཀྱང་སྙིགས་དུས་