[A:༥༧༧]མངོན་སུམ་དུ་བསྟན་པའི་ཚེ། སེམས་ཐོག་མར་འཇིགས་ཞུམ་པ་དང་། དེ་ནས་བདེ་བ་དང་ལྡན་པ་ཞིག་བྱུང་ཞེས་དང་། ཡང་དེ་ཉིད་ལས་ས་སྐྱར་རྗེས་ཕེབས་ཀྱི་སྐབས་ངེད་རང་གི་ལྕམ་གྱི་གཟིམ་ཆུང་དུ་ཕྱིན་ཕྲལ་ཡུན་དུ་ཕན་པའི་བསླབ་བྱ་བྱས་ཤིང་། རྟེན་འབྲེལ་གྱི་སྟབས་གཟིམ་ཆུང་གི་སྒོ་ནང་ནས་བཞུགས་ཞུས་པ་བཞིན་མཛད་སོང་། ཞབས་ཕྱི་རྣམས་ཀྱི་སྐྱེལ་མ་སོགས་ཤིན་ཏུ་རྒྱས་པར་གནང་ཞིང་། དར་རྒྱས་སོགས་ཆིབས་སྐྱེལ་བ་མང་ཙམ་གྱིས་ལ་རྩེའི་བར་སྐྱེལ་མ་བྱས་ཤིང་སོ་སོར་སྟེར་ཆ་བྱས། དཔལ་མགོན་གྱི་བླ་རྡོར་ཁའུར་མཐོང་སྣང་བྱུང་བ་བཞིན་བྲིིས་པ་དེ་ལུས་ཤིང་ཆར་བབ་པ་སོགས་ལྟས་ཀྱང་ལེགས་སྙམ་པ་མང་དག་བྱུང་ཞེས་དང་ཡང་དེ་ཉིད་ཀྱི་རྣམ་ཐར་སྨད་ཆ་བསྐལ་ལྡན་རྣ་བའི་བདུད་རྩི་ཞེས་བཅོ་བརྒྱད་ཚོགས་གཉིས་རྒྱ་མཚོས་མཛད་པ་ལས་ཞིང་རྗེ་ཁ་མའི་ལོ་རྒྱུས་དེ་གྲས་སུ་ཧོར་ཟླ་ལྔ་པའི་ཚེས་གཅིག་གི་ཉིན་སྤྲུལ་པའི་ཆོས་སྐྱོང་དཔོན་བློན་ལ་སླར་ལུང་བསྟན་ཞིབ་ཏུ་ཞུས་པར་ཆེ་བས་སྔོན་གྱི་སྐུ་རིམ་རྣམས་བསྒྲུབ་པར་གཞན་དང་མི་འདྲ་བ་བྱུང་འདུག་སོགས་འཕྲལ་ལྟར་སྣང་ལ་ལེགས་ལེགས་འདྲ་བའི་གསུང་འགའ་ལས་འདི་ཡོང་གི་གསལ་ཁ་མི་འདུག་གསུང་ཞིང་ཆུང་བས་ད་ཆ་དབུ་ཐོག་ཏུ་རྒྱལ་མཚན་དཀར་པོ་ཞིག་ཚུགས། བཞུགས་གདན་ཀྱང་མཐོ་རུ་མཐོང་གསུང་བ། ཆོས་སྐྱོང་དཔོན་བློན་གྱི་གསུང་དེ་རིགས་ངེད་