R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༧༩
[A:༥༧༩]སོ་སོར་སྙན་ཤལ་གསེར་སྐྱེམས་ཚོགས་འཁོར་སྔོན་ནས་དགོས་ཚུལ་བྱུང་བའི་རྟ་མཛོ་བསྐུར་ཏེ་ལུང་བསྟན་ཞུ་མི་ཆེད་དུ་བརྫངས་པའི་ཕྱིར་ཕེབས་ལ་ཆོས་སྐྱོང་ཆེན་པོས་ཞིང་འདིའི་མཛད་པ་ཕལ་ཆེར་རྫོགས་པས་འདི་ལོ་རང་ཞིང་འདིར་བཞུགས་པ་མི་ཡོང་ཀྱང་། སླད་ནས་བསྟན་པ་ལ་ཕན་ཐོགས་ཡོང་ཞེས་གསུངས་པ་རྡོ་རྗེའི་གསུང་བླ་ན་མ་མཆིས་པར་འདུག ཞེས་འབྱུང་བ་ལྟར། རྒྱལ་མཚན་དཀར་པོ་འཛུགས་པ་སྐུ་ཚེ་ཕྱི་མར་ལྔགས་འཆང་གོས་དཀར་ཅན་དུ་འཁྲུངས་པར་ཤིན་ཏུ་གསལ་བ་སྟེ་རབ་བྱུང་ལ་ངུར་སྨྲིག་གི་རྒྱལ་མཚན་འཛིན་པར་གྲགས་པས་རྟོགས་ནུས་ཤིང་། ཕྱིང་གདན་དཀར་པོར་མཛད་པ་མྱུར་དུ་འཁྲུངས་རྟགས་དང་། སླད་ནས་བསྟན་པར་ཕན་ཐོགས་ཡོང་བའི་ལུང་བསྟན་ཀྱང་དོན་ལ་གནས། གང་ལྟར་ཆུ་ལུག་ལོ་སྣྲོན་ཟླའི་གནམ་གང་གཏིང་མར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན། དེ་ནས་མ་འགྱངས་པར་གང་གི་དབོན་ངག་དབང་མཁྱེན་བརྩེ་རབ་བརྟན་གྱི་ཚེ་ཡི་དངོས་གྲུབ་སྩོལ་མཛད་བདེ་ལྡན་མགོན་ཞེས་སོགས་ཞབས་བརྟན་ཤོ་ལོ་ཀ་གསུམ་པོ་འདི་བཀའ་རྩོམ་མཛད་བྱང་ལས་ཞེས་ཞབས་བརྟན་ཚིགས་བཅད་འདི་ཡང་ཚེ་རབ་དུ་མར་དཔལ་ལྡན་བླ་མ་ཉིད་ཀྱི་སྐུ་དྲིན་གྱི་འཚོ་བའི་ལྷ་བཙུན་ངག་དབང་མཁྱེན་བརྩེས་སུག་བྲིས་སུ་རྒྱུན་གྱི་དབང་པོ་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་ཕུལ་བ་དགེ་