R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༧
[A:༥༧]བྱི་བ་ལོ་གཞི་བསྙེན་གྲོལ་བའི་གཏང་རག་གི་བསྐང་གསོ་མཛད་པའི་སྐབས། ངེད་བྱིས་པ་ཡིན་ཀྱང་གྲལ་དབུ་ལ་བྱོན་གསུང་ཕྱིན་བདག་བསྐྱེད་ཀྱཻ་རྡོར་ལམ་དུས་མཛད་འདུག་བསྐང་གསོ་ཧེ་རུ་ཀ་དཔལ་མ་གནང་འདུག་ལྷ་མཆོག་མའི་ཚིག་གི་ཁྱད་པར། ཞིང་སྐྱོང་དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐངས། གསུང་བ་ཞིག་འདུག་ཅེས་གསུངས་ཏེ། དེ་དུས་རྗེ་འདི་དགུང་ལོ་དྲུག་པ་ཡིན་འདུག་ཀྱང་སྐུ་ན་ཕྲ་མོ་དེ་ཙམ་གྱི་དུས་ནས། བསྐང་གསོ་སོགས་ལ་ཐུགས་གཞོལ་བ་དང། མཁྱེན་རབ་ཀྱི་འཇུག་པ་དེ་ལྟ་བུ་ནི་ངོ་མཚར་ཆེ་བར་སྣང། དེ་ལྟ་བུའི་ངོ་མཚར་རྨད་དུ་བྱུང་བ་དེ་དུས་ནས་མངའ་བའི་རྣམ་ཐར་ལ་ཐུགས་ཡིས་ཆེས་ཏེ། ཕྱིས་ཤར་ཆེན་ཀུན་དགའ་བཀྲ་ཤིས་པ་ཉིད་ཀྱིས་དད་གུས་ཆེན་པོའི་སྒོ་ནས་དབུ་བླའི་མཆོག་ཏུ་བཞེས་པར་མཛད་དོ། ། དགུང་ལོ་བརྒྱད་བཞེས་པ་འབྲུ་མང་པོ་ཞེས་གྲགས་པ་ས་ཕོ་སྟག་གི་ལོའི་དབྱར་ཕུར་སྒྲུབ་ཆེན་ལོའི་དུས་འཆམ་གསར་མཛད་དེ་སྐུ་འཆམས་ཀྱི་རིགས་གང་དགོས་པ་རྣམས་འཁྲུལ་མེད་དུ་མཛད་པས་ཀུན་ཡ་མཚན་དུ་འཛིན་པར་གྱུར། དགུང་ལོ་དགུ་པ་མྱོས་ལྡན་གྱི་ལོ་ཡབ་དང་ལྷན་ཅིག་ཨེ་ཝཾ་དུ་ཕེབས་ཏེ་སྨིན་དྲུག་ཟླ་བའི་ཡར་ཚེས་བདུན་ཟླ་བ་ལྷ་མཚམས་ཀྱི་འགྲུབ་སྦྱོར་བཟང་པོ་ཡོད་པའི་སྔ་དྲོའི་ཆ་ལ་མཁན་པོ་ཡོངས་འཛིན་དཀོན་མཆོག་དཔལ་ལྡན་