R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༨༧
[A:༥༨༧]གྲུབ་རོལ་མཚོ། ཞལ་གྱི་བསྐང་བ་ལྷ་མཆོག་མ་དང་སྟོབས་འཕྲོག་མ། དམག་ཟོར་བསྟོད་བསྐུལ་འཕྲིས་མྱུར་སྒྲུབ། དུར་ཁྲོད་བདག་པོའི་བསྐང་བཤགས་བཟློག་བསྐུལ་བསྟོད་པ་དང་བཅས་པ་འཕྲིན་ལས་མཁའ་ཁྱབ། པུ་ཏྲའི་སྒོས་བསྐང་། དཀར་བདུད་བསྐང་བ་རྒྱས་བསྡུས། ཆོས་སྐྱོང་རྣམས་ལ་བསྐང་བ་འཕྲིན་བཅོལ་རིག་འཛིན་མུར་འབྱོན། བདུད་རྩི་ལྔ་མཆོད་ཀྱི་ལུང་སོགས་སྨིན་གྲོལ་ཆ་ལག་དང་བཅས་པ་དུ་མ་གསན་པ་ལས། གསུང་ངག་གསན་དུས་དགུང་གྲངས་ལྔ་པ་ཡིན་འདུག་ཀྱང་ཉིན་གཅིག་གསུང་ལས། སྣང་བ་གསུམ་གྱི་ལམ་གྱི་གཞི་བྱས་ཏེ། །ཉམས་བླང་མ་ལུས་རྒྱུད་གསུམ་དག་གི་ཤེས། །ཞེས་ཐོལ་བྱུང་དུ་ཕེབས། དེ་དུས་རྒྱུ་དབང་སྟ་གོན་སྐབས་མུས་གླིང་ཁ་ནས་གསུང་ངག་པོད་སེར་མ། ངག་དབང་ཆོས་གྲགས་ཀྱིས་མཛད་པའི་སྣང་རྒྱུད་འཁྲིད་ཡིག ཁོག་ཕུབ་རྣམ་བཤད། བྱིན་རླབས་ཆ་ལག་བཅས་པ། དབང་ཆོག་རྗེས་གནང་སྣ་ཚོགས། ནི་གུའི་ཆོས་སྐོར་བཅས་པུ་ཏི་བཞི་ཡབ་རྗེར་འབུལ་མི་བྱུང་བ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་ཇེ་ཆེར་གྱུར་པ་སོགས་སྤྱིར་རྟེན་འབྲེལ་ལེགས་ཤིང་། བྱེ་བྲག་སྤྲུལ་པའི་དལ་དུ་རྒྱུ་དབང་གསན་པ་ལྟ་བུ་བྱུང་། གཞན་ཡང་འཁོར་ལོ་བདེ་མཆོག་གི་བཀའ་ཟབ་མོ་གསན་དུས། ཉིན་གཅིག་གློ་བུར་དུ་རླུང་འཚུབ་ཆེན་པོ་ཞིག་གི་འཚུབ་མས་