[A:༥༩༡]མཆེད་རྣམས་ནས་ཕུར་སྒྲུབ་རྩ་འཆམས་ཀྱི་སྐབས་ལེགས་འབུལ་ཕུན་ཚོགས་རྟེན་འབྲེལ་སྒྲིག་པར་དགོངས་ནས་ཕེབས་ཏེ་ཐོག་མར་ཞབས་དྲུང་དེས་འདྲེན་པ་དམ་པ་ལྕམ་སྲིང་གཉིས་གཙོ་གྱུར་གྱི་ཆོས་གྲྭ་ལྷོ་བྱང་གི་དགེ་འདུན་ཕལ་ཆེར་ལ་སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང་སོགས་འབུལ་བར་མཛད་པའི་སྐབས་ཤིག བླ་མ་དེ་ཉིད་ཀྱིས་འདྲེན་མཆོག་དམ་པ་འདི་ཉིད་སྤྱན་རས་གཟིགས་བཅུ་གཅིག་ཞལ་དངོས་དང་། ཡང་རྗེས་གནང་ཞིག་འབུལ་སྐབས་ཕྱག་རྡོར་དངོས་སུ་གཟིགས། དེ་ནས་རིམ་བཞིན་མགོན་ཁང་སྟེང་འོག་ཏུ་འཕྲིན་བཅོལ་གནང་སྐབས་སྐྱེད་ལྷས་དུས་བྲག་སྒོའི་ནང་ན་དྲིལ་ཆུང་གསེར་ཁའི་སྐད་མང་པོ་འདུག་གསུངས་པ་སོགས་ངོ་མཚར་དུ་མ་བྱུང་ཡོད་ཚོད་དུ་འདུག དེ་ནས་རིམ་བཞིན་ཕུར་སྒྲུབ་ཚུགས་པའི་ས་སྐྱ་ཚོགས་སུ་རྩ་འཆམས་ཐོག་སྐུ་ཞང་མཁྱེན་བརྩེ་དཔོན་གཡོག་ནས་ལེགས་འབུལ་མཛད་ཡོད་དམ་སྙམ།
བཅུ་དགུའི་ནུབ་བླ་མ་དཀོན་མཆོག་རྒྱལ་པོའི་མཚན་ལྟས་སུ། ཡབ་སྲས་དགེ་འདུན་འཁོར་ཚོགས་ཀྱི་ཞབས་ཕྱི་བཅས་ཞབས་བསྐོར་ལ་ཕེབས་རྗེས་དབང་ཁང་སྨིན་གྲོལ་བཞུགས་ཁྲིར་བཞུགས་པར་མངྒའི་མཚན་ཅན་ཉིད་ཤིན་ཏུ་དགེས་པའི་འཛུམ་མདངས་དང་བཅས་གཟིགས་ནས། དཀོན་མཆོག་རྒྱལ་པོ་སྡུག་བསྔལ་བྱེད་མི་དགོས་འདི་ག་རང་ཡིན་གསུང་སྲས་མཆོག་དམ་པ་ལ་